ཏུའུ་ཅེ་ཡིས་སྲིད་གྲོས་ཀྱི་དཔེ་ཀློག་བྱ་འགུལ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་དཔེ་ཀློག་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས་ཏེ། དཔེ་ཀློག་བྱ་འགུལ་སྤེལ་བའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། བློ་མཐུན3གྱིས་སོ་སོར་སྲིད་གྲོས་ཨུ་ཡོན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། སྡེ་ཁག་ཏང་ཡོན་ལས་བྱེད་པའི་ཚབ་བྱས་ཏེ་བརྗེ་རེས་གཏམ་བཤད་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། 

ཏུའུ་ཅེ་ཡིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་སྡེ་ཁག་ལས་བྱེད་པའི་ཁྲོད་དཔེ་ཀློག་བྱ་འགུལ་སྤེལ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བྱ་བ་ལེགས་བཅོས་དང་ཤུགས་སྣོན་པའི་སྐོར་གྱི་བསམ་བློ་གལ་ཆེན་དང་དོན་དངོས་བྱེད་སྟངས་ཡིན་ཞིང་། སྲིད་གྲོས་ཀྱི་ནུས་ཤུགས་དང་འགན་ནུས་ཆུ་ཚད་མཐོར་འདེགས་གཏོང་བའི་ནང་གི་བླང་བྱ་ཡིན་པ་དང་། བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དང་། གཅིག་མཐུན་འདོད་བློ་གཅིག་སྒྲིལ་བྱེད་པའི་ཕན་ནུས་ལྡན་པའི་བྱེད་ཐབས་ཡིན་ཞིང་དེ་ལ་དོན་སྙིང་ཆེན་པོ་ལྡན། དཔེ་ཀློག་བྱ་འགུལ་ལ་མཐོང་ཆེན་བྱས་ཏེ། དཔེ་ཀློག་བྱེད་པ་བརྒྱུད་ཁ་ཕྱོགས་གསལ་བོར་བྱེད་པ་དང་། གཅིག་མཐུན་འདོད་བློ་ཆགས་པ། ནུས་ཤུགས་མཐོར་འདེགས་སུ་གཏོང་ཐུབ་ཅེས་བསྟན། 

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་བཀོད་སྒྲིག་བླང་བྱ་ལྟར། སློབ་སྦྱོང་རང་བཞིན་གྱི་སྲིད་གྲོས་འཛུགས་སྐྲུན་དང་། དཔེ་ཀློག་གི་སྟེགས་བུ་གསར་གཏོད་བྱས་ཏེ། དོ་དམ་ཞབས་ཞུར་ཤུགས་བསྣན་ནས། དཔེ་ཀློག་བྱ་འགུལ་དང་རྒྱུན་ལྡན་རང་བཞིན་གྱི་སློབ་སྦྱོང་བྱ་བ་གཉིས་ཟུང་འབྲེལ་བྱས་ཏེ། ཨུ་ཡོན་དང་ལས་བྱེད་པའི་དཔེ་ཀློག་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། དཔེ་ཀློག་སློབ་སྦྱོང་དེ་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དང་། གཅིག་མཐུན་འདོད་བློ་གཅིག་སྒྲིལ་བྱེད་པའི་ལས་འགན་ཐོག་མ་ཡིན་ཞིང་། དཔེ་ཀློག་གི་ཆབ་སྲིད་རང་བཞིན་དང་གཞུང་ལུགས་རང་བཞིན། འཐབ་ཕྱོགས་གཅིག་གྱུར་རང་བཞིན། དུས་རབས་ཁྱད་ཆོས་བཅས་ལྡན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་སྡེ་ཁག་གི་ལས་བྱེད་པས། ཏང་གི་གཞུང་ལུགས་གསར་གཏོད་ཀྱི་ངེས་ལེན་མཐོར་འདེགས་ལ་སྣེ་ཁྲིད་བྱེད་དགོས། དཔེ་ཀློག་བྱ་འགུལ་དེ་སྲིད་གྲོས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བྱ་བའི་སྒྲིག་གཞི་འཐུས་ཚང་དང་གྲུབ་འབྲས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། དཔེ་ཀློག་ལས་བསླབ་པ་དང་བསམ་གཞིག གོ་རྟོགས་བཅས་སྲིད་གྲོས་ཀྱི་གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད། དམངས་ཀྱི་བརྡ་འཕྲིན་སོགས་སུ་བསྒྱུར་ནས། ཆེད་དོན་གྲོས་མོལ་སྡེ་ཁག་གི་ཕན་ནུས་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།