རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་མཚོ་སྔོན་ཞིང་ཆེན་ཡན་ལག་ཅུའུ་ཡིས་ཕྱི་རྒྱལ་གྱི་མ་དངུལ་དང་ཕྱི་ཕྱོགས་ཉོ་ཚོང་བརྟན་པོར་བཟོ་བ་སོགས་ཕྱི་འབྲེལ་དཔལ་འབྱོར་བསྟུད་མར་ལེགས་ཕྱོགས་སུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁེ་ལས་ཆུང་ཕྲ་ཡིད་རྟོན་དངུལ་སྡུད་ཞབས་ཞུ་ལྟེ་གནས་སྤྱི་སྟེགས(“མཚོ་སྔོན་ཡིད་རྟོན་དངུལ་སྡུད”སྤྱི་སྟེགས)འཛུགས་སྐྲུན་བེད་སྤྱོད་གནས་ཚུལ་དང་ཀྲུང་གོའི་མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་དངུལ་ལོར་སྲིད་ཇུས་དངོས་འབེབས་གནས་ཚུལ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ད་ལོའི་ཚུན་ལ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་མཚོ་སྔོན་ཡན་ལག་ཅུའུ་ཡིས་དགོངས་དོན་ལྟར་ལྟ་རྟོག་དོ་དམ་ཕན་ནུས་ལྡན་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ལ་སྐུལ་འདེད་བཏང་བ་དང་། ཁྲོམ་རའི་གཙོ་གཞི་ལ་ཞབས་ཞུ་སྒྲུབ་པ་ལྷུར་བླངས་པ། བྱེད་ཐབས་སྣ་མང་སྤྱད་དེ་མཚོ་སྔོན་གྱི་ཕྱི་འབྲེལ་དཔལ་འབྱོར་བསྟུད་མར་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། 

རང་ཞིང་གིས་ཉོ་ཚོང་ཕྱི་ཕྱོགས་གཏོང་སྒོའི་ཁྲལ་དོན་སྙན་སེང་ཐོ་འགོད་ཞབས་ཞུ་གློག་རྡུལ་ཅན་ལ་སྐུལ་འདེད་བཏང་བ་དང་། ཁེ་ལས་ཀྱིས་མིང་འཇུག་ཐོ་འགོད་སྲིད་འཛིན་ཆོག་མཆན་དྲ་ཐོག་ནས་སྒྲུབ་པར་མཛུབ་སྟོན་བྱས་ཤིང་། ཟླ11པའི་ཟླ་མཇུག་བར། ཁེ་ལས་ཀྱི་མིང་འཇུག་ཐོ་འགོད་དྲ་ཐོག་ནས་སྒྲུབ་ཚད་ལོ་སྔ་མོའི་དུས་མཚུངས་དང་བསྡུར་ན22.43%འཕར་ཡོད། མ་རྩའི་ལས་གཞི་ལས་སྒོ་ཐོ་འགོད་དོ་དམ་བཅོས་སྒྱུར་ལ་སྐུལ་འདེད་དང་། ཆ་རྐྱེན་མཐུན་པའི་ནང་སྲུང་ཕྱི་སྐྱི་དང་ཕྱི་ཕྱོགས་དངུལ་གཏོང་ཐོ་འགོད་སུབ་པའི་རིགས་དངུལ་ཁང་ལས་རིགས་དངུལ་ལོར་ལས་ཁུངས་ལ་སྒྲུབ་ཏུ་འཇུག་རྒྱུ། ཚོང་ཟོང་ཉོ་ཚོང་ཕྱིར་གཏོང་རྒྱབ་ལྗོངས་ཅན་གྱིས་རྒྱལ་ནང་ནས་ཕྱི་དངུལ་བསྐྱི་བ་དང་ཕྱི་དངུལ་ཉོ་ཚོང་སྒྲུབ་ཆོག ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ག་གེ་མོའི་ཡུན་རིང་ལ་བེད་མེད་དུ་བསྐྱུར་བའི་དངུལ་རྩ་ཨ་སྒོར་ཁྲི500སླར་བེད་སྤྱོད་བྱས་ཆོག མི་སྒེར་གྱིས་ཕྱི་དངུལ་བེད་སྤྱོད་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་པ། བཀླག་དགོས་པའི་ནང་དོན་འཕྲི་བ། ཟླ11པའི་ཟླ་མཇུག་བར། ཕྱི་འགྲིམ་སློབ་སྦྱོང་ཆེད་དུ་ཕྱི་དངུལ་ཉོ་བ་དང་གླ་ཕོགས་ཕྱི་དངུལ་གྱིས་རྩིས་རྒྱག་པ་སོགས་སྟབས་བདེ་ཅན་གྱི་ཕྱི་དངུལ་རྩིས་རྒྱག་དངུལ་གྲངས་ཨ་སྒོར་ཁྲི44.36ལ་སླེབས། མཐུན་སྦྱོར་ཚོང་དོན་དང་འགག་སྒོ། དངུལ་ཁང་ལས་རིགས་དངུལ་ལོར་ལས་ཁུངས་བཅས་སུ་གློག་རྡུལ་ཚོང་དོན་སྤྱི་སྟེགས་གཞི་གྲངས་མཉམ་སྤྱོད་མངོན་འགྱུར་བྱས་ཤིང་། མཚོ་སྔོན་གྱི་ཁོངས་རྒལ་གློག་རྡུལ་ཚོང་དོན་མགོ་བརྩམས་པ་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཟླ11པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་ཁོངས་བརྒལ་གློག་རྡུལB2Bཐད་ཀར་ཕྱིར་གཏོང་བྱས་པ་ཨ་སྒོར་ཁྲི10.26ལ་སླེབས་ནས། ཕྱིར་གཏོང་རྣམ་པའི་ཐོལ་བརྒལ་གསར་པ་མངོན་འགྱུར་བྱུང་། 

ཟླ11པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཀྱིས་ཁོངས་བརྒལ་དངུལ་སྡུད་ཨ་སྒོར་ཁྲི7,622.96ལ་སླེབས་ཤིང་། ལོ་སྔ་མའི་དུས་མཚུངས་དང་བསྡུར་ན30.86%འཕར། ཡུན་རིང་གི་ཡིད་རྟོན་དཔང་རྟགས་དང་ཕྱི་རྒྱལ་དུ་ཚབ་གཏོང་རྣམ་གྲངས་འོག་ཉོ་ཚོང་དངུལ་སྡུད་བྱུང་བ་ཨ་སྒོར་ཁྲི426.15ལ་སླེབས་པ་དང་། ལོ་སྔ་མའི་དུས་མཚུངས་དང་བསྡུར་ན་ལྡབ2.8འཕར། ཁོངས་རྒལ་དངུལ་ལོར་ཁུལ་ཁོངས་སྦྲེལ་བའི་ཞབས་ཞུ་སྤྱི་སྟེགས་ཀྱིས་མུ་མཐུད་དུ་ཁེ་ལས་འབྲིང་ཆུང་ཕྲ་གསུམ་ལ་དངུལ་སྡུད་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། ཟླ11པའི་ཟླ་མཇུག་བར། དངུལ་སྡུད་རིམ་རྩིས་བྱས་ན་ཁྲི་བརྒྱ་ལས་བརྒལ་ཡོད། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།