ཡུས་ཧྲུའུ་ཡིས“1234ཞབས་ཞུའི་རྣམ་པར”བརྟེན་ནས་མང་ཚོགས་ཀྱི་ཐོབ་ཚོར་མཐོ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྲིད་དོན་ཞབས་ཞུའི་བྱ་བ་ཚད་ལྡན་ཅན་དང་སྒྲིག་གཞི་ཅན་འཛུགས་སྐྲུན་བྱེད་པ་དམ་འཛིན་བྱ་གཞི་གལ་ཆེན་དུ་བཟུང་ནས། “ཞབས་ཞུའི་ལྟེ་གནས་གཅིག་དང་། ཞབས་ཞུའི་ཐབས་ལམ་གཉིས། ཞབས་ཞུ་བྱ་ཡུལ་རིགས་གསུམ། ཞབས་ཞུའི་བྱེད་ཐབས་བཞི”ཡི“1234སྲིད་དོན་ཞབས་ཞུའི་རྣམ་པར”སྐུལ་འདེད་བཏང་ནས། མི་གཤིས་ཅན་དང་དྲོད་སྐྱིད་ལྡན་པའི་སྲིད་དོན་ཞབས་ཞུ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་མཐོ་རུ་བཏང་།

“དྲ་ཕྱི+དྲ་ཐོག”ཕན་ཚུན་མཉམ་འདྲེས་ཀྱི་ལས་སྒྲུབ་བྱེད་སྟངས་འཐུས་ཚང་དུ་བཏང་ནས། སྲིད་དོན་ཞབས་ཞུ་ལྟེ་གནས་ལས་སྒྲུབ་ཚོམས་ཆེན་གྱི་སྒེའུ་ཁུང་ཞབས་ཞུ་དང་། བློ་འདྲིའི་ཞབས་ཞུ། སྒུག་སྡོད། རང་འདེམས་ཞབས་ཞུ་བཅས་ནུས་པའི་ཁུལ་ཆེན་པོ་བཞིའི་ནང་ལས་སྒྲུབ་སྒེའུ་ཁུང25དང་། བཅའ་སྡོད་ལས་ཁུངས24། བཅའ་སྡོད་དོན་ཚན284བཅས་ཡོད་པ་རེད། དེ་དང་ཆབས་ཅིག“དྲ་ཐོག་གཅིིག་ཏུ་ལས་གཉེར་དང་། དོན་དག་གཅིག་གང་སར་སྒྲུབ་ཐུབ་པའི”སྒྱུར་བཅོས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། “མཚོ་སྔོན་སྲིད་དོན་ཞབས་ཞུའི་དྲ་བ”དང“མཚོ་སྔོན་ལྷོད་བདེའི་གཞུང་ལས་ཁང”གི་ལག་ཁྱེར་ཁ་པརAPPདྲིལ་བསྒྲགས་དང་། ཁྱབ་གདལ། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་དོན་ཞབས་ཞུའི“དྲ་ཐོག་ཏུ་ལས་གཉེར་དང་། མཛུབ་རྩེའི་ལས་གཉེར”བྱས་ནས། སྲིད་དོན་ཞབས་ཞུ་དྲ་ཐོག་ཏུ་ལས་གཉེར་ཆོག་པའི་དོན་ཚན263མངོན་འགྱུར་བྱུང་བ་དང་དྲ་ཐོག་ནས་ལས་གཉེར་ཐུབ་ཚད93%ཟིན་ཡོད། 

དེ་དང་ཆབས་ཅིག་རྒན་པ་དང་། སྟོབས་ཞན་པ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་དང་དེ་བཞིན་དམག་མི་སོགས་ཀྱི“ལྗང་མདོག་བགྲོད་ལམ”ཧུར་ཐག་གིས་བཏོད་དེ། རིགས་སོ་སོའི་ལས་སྒོ་སྔོན་ལ་བསྒྲུབས་ནས་མྱུར་མོར་སྒྲུབ་ཐུབ་པ་བྱས་ཡོད། “རྒན་པར་དོ་ཁུར་བྱེད་པའི་ཞབས་ཞུའི་ཆེད་དོན་སྒེའུ་ཁུང”དང་། “རྒན་པར་ཞབས་འདེགས་ཞུ་བའི་ཆེད་མངག་ལས་བཟོ་བ”བཀོད་སྒྲིག འདེད་འཁོར་སྒྲིག་སྦྱོར། སྟབས་བདེའི་སྨན་སྒམ་སོགས་ཀྱི་བརྩེ་སེམས་མཚོན་པའི་དངོས་ཟོག་བཀོད་སྒྲིག་བྱས་ནས། རང་འགུལ་ངང“ཁྲིད་སྟོན་ལས་གཉེར”བྱེད་པའི་ཞབས་ཞུ་དང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཞབས་ཞུ་བསྒྲུབས་ཏེ་ཁོང་ཚོར་འབྲེལ་ཡོད་ལས་སྒོ་བསྒྲུབ་པར་རོགས་རམ་བྱེད་ཀྱི་ཡོད་པ་རེད། སྒུག་སྡོད་ཞབས་ཞུའི་ས་ཁུལ་དུ་མ་བུའི་ཁང་པ་དང་། བཀག་མེད་གསང་སྤྱོད་ཁང་། བརྩེ་སེམས་རྐུབ་སྟེགས། རིན་མེད་འཐུང་ཆུ། མཉམ་སྤྱོད་གློག་གསོག་ཡོ་བྱད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་། བྱ་བ་སྒྲུབ་པར་སྒུག་པའི་མང་ཚོགས་དང་ཁེ་ལས་ཀྱི་འགན་འཁུར་པས་ཞིབ་ཕྲའི་ལས་གཉེར་གོ་རིམ་ཁྲོད་ཞབས་ཞུ་ལྟེ་གནས་ཀྱི་དྲོད་སྐྱིད་དང་བརྩེ་སེམས་ཚོར་ཐུབ་པར་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།