མཚོ་སྔོན་གྱི་རྩོམ་རིག་གཟའ་འཁོར་སྐབས་བཅུ་གཉིས་པ་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས21ཉིན། “དུས་རབས་གསར་པའི་རྩོམ་རིག་དང་མཚོ་སྔོན་གྱི་རྒྱང་སྐྱོད་བགྲོད་ལམ་གསར་པ”བརྗོད་དོན་གཙོ་བོར་བྱས་པའི་མཚོ་སྔོན་གྱི་རྩོམ་རིག་གཟའ་འཁོར་སྐབས་བཅུ་གཉིས་པ་ཟི་ལིང་དུ་མགོ་བརྩམས།

སྐབས་འདིའི་རྩོམ་རིག་གཟའ་འཁོར་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་བཅུའི་ཆེད་དོན་ལ་སློབ་སྦྱོང་དང་།《མཚོ་སྔོན་གསར་པའི་རྣམ་པ——མཚོ་སྔོན་གྱི་རྩོམ་པ་པོ“འཚོ་བར་ཟབ་ཞུགས་དང་མི་དམངས་ཁྲོད་གཞི་འཛུགས་པའི”རྩོམ་རིག་བརྩམས་ཆོས་ཕྱོགས་བསྒྲིགས》དང《མཚོ་སྔོན་གྱི་སྐྱེ་ཁམས་རྩོམ་རིག་བརྩམས་ཆོས་ཕྱོགས་བསྒྲིགས》ཐོག་མར་འགྲེམས་སྤེལ་བྱེད་པའི་མཛད་སྒོ་བསྡུས། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་དང་གཞི་རིམ་གྱི་རྩོམ་པ་པོའི་ཀྲུའུ་ཞིའི་མཉམ་འབྲེལ་གྲོས་ཚོགས་བཅས་འཚོགས་པ་རེད།

རྩོམ་རིག་གཟའ་འཁོར་སྐབས་ད་དུང“རྒྱལ་དོན་ཆེན་མོར་གཞི་འཛུགས་པ་དང་། རྩོམ་རིག་གསར་རྩོམ་མངོན་འགྱུར་བྱེད་པ”སྟེ། མཚོ་སྔོན་གྱི་སྐྱེ་ཁམས་རྩོམ་རིག་གསར་རྩོམ་གྱི་བཞུགས་མོལ་གྲོས་ཚོགས་དང་། “དུས་རབས་ཀྱི་ཡུལ་དངོས། ལག་ལེན་གྱི་ས་གཞི་གཤིན་པོ་དང་དྲ་རྒྱའི་རྩོམ་རིག”མཚོ་སྔོན་གྱི་དྲ་རྒྱའི་རྩོམ་རིག་བཞུགས་མོལ་གྲོས་ཚོགས། དུས་རབས་གསར་པའི་མཚོ་སྔོན་རིག་རྩལ་དཔྱད་གཏམ་བྱ་བར་ཤུགས་སྣོན་པའི་བཞུགས་མོལ་གྲོས་ཚོགས། “2021ལོའི་རྩོམ་རིག་གི་མེ་ཏོག་རབ་ཏུ་བཞད་པའི་དུས”——མཚོ་སྔོན་གྱི་རྩོམ་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་གྲོས་ཚོགས་དང་རྩོམ་པ་པོའི་དཔེ་ཀློག་འཛིན་གྲྭ་སོགས་རྩོམ་རིག་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

སྐབས་འདིའི་མཚོ་སྔོན་རྩོམ་རིག་གཟའ་འཁོར་གྱི་དམིགས་ཡུལ་ནི་མཚོ་སྔོན་གྱི་རྩོམ་རིག་དོན་དངོས་ལ་གཞི་འཛུགས་པ་དང་། རྩོམ་རིག་གསར་རྩོམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། རིག་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རྒྱུན་ཆད་མེད་པར་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རྩོམ་པ་པོ“འཚོ་བའི་ཁྲོད་ཟབ་ཞུགས་དང་མི་དམངས་ཁྲོད་གཞི་འཛུགས་པར”ཁྲིད་སྟོན་ཧུར་ཐག་བྱེད་པ། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་སྒོས་རང་རྟོགས་དོན་གཉེར་བྱེད་པ། དུས་རབས་གསར་པར་ལས་འགན་གསར་པ་སྒྲུབ་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྒོ་ནས་ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་ཟིན་ཐོར་འགོད་པ་དང་དུས་རབས་གསར་པའི་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་གི་རླབས་ཆེའི་འཕོ་འགྱུར་འབྲི་བར་བརྟེན་ནས། ཏང་གི་མགོ་ཁྲིད་འོག་གི་མཚོ་སྔོན་མི་དམངས་ཀྱི་རླབས་ཆེ་བའི་ལག་ལེན་ཟིན་ཐོར་འགོད་པ་དང་། མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་རླབས་ཆེའི་སྒྱུ་རྩལ་གསར་གཏོད་ཡང་བསྐྱར་མངོན་པར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།