སྒོར་ཁྲི་800རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས་24ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་བྱང་ཆུས་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཁག་གི་ཉེན་རྟོག་པས་མྱུལ་ཞིབ་བྱེད་སྐབས། དངུལ་བྱང་བཟོ་ས་ནི་ཚོང་འགུགས་དངུལ་ཁང་ཟི་ལིང་མཁར་བྱང་ཆུས་ཡན་ལག་དངུལ་ཁང་གི་རྩིས་ཐོ་ཡིན་པའི་ཨང་གྲངས་རྗེས་མ4886ནང་ཉིན་རེར་མ་དངུལ་འབོར་ཆེན་གཏོང་བ་དང་མ་དངུལ་འབོར་ཆེན་ལེན་བཞིན་ཡོད་པས་མི་གཞན་གྱིས་གློག་འཕྲིན་མགོ་སྐོར་གཏོང་བཞིན་པ་ཤེས་རྟོགས་བྱུང་། ཁུངས་སྣེ་འབྱོར་རྗེས་ཉེན་རྟོག་པས་མྱུར་ཏུ་བརྟག་དཔྱད་བྱས་ཤིང་། དངུལ་ཁང་བྱང་བུ་ལས་ཉོ་ཚོང་བྱས་པའི་ཚན་པ་ཞིབ་ཚགས་བྱས་པ་བརྒྱུད། དངུལ་ཁང་བྱང་བུ་དེ་ནི་བྱང་བུ་བཟོ་མཁན་གཅིག་གི་མིང་ཐོག་ནས་དངུལ་ཁང་བྱང་བུའི་རྩིས་ཐོ་མང་པོ་བཟོ་བའི་གློག་འཕྲིན་དྲ་རྒྱ་བརྒྱུད་གནོད་འཚེ་ཕོག་མཁན་ལ་མགོ་སྐོར་བཏང་སྟེ་མ་དངུལ་སྒྱུར་རྩིས་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེའི་རིང་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་800ཙམ་རྩིས་ཐོ་ནང་བཞག་པ་རེད།

ཟླ12པའི་ཚེས་2ཉིན་ཉེན་རྟོག་པས་མཁར་ནུབ་ཆུས་ཀྱི་གླས་ཁང་ཞིག་ཏུ་དོགས་ཡོད་ཉེས་ཅན་མ་ཆེ་གེ་མོ་བཟུང་བ་མ་ཟད། ཡུལ་དངོས་སུ་དངུལ་བྱང8དང་། ལག་ཁྱེར་ཁ་པར། གློག་ཀླད་སོགས་ཞིབ་བཤེར་དང་གཞུང་བཞེས་གནང་།

འདྲི་ཞིབ་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་པས་མི་གཞན་གྱིས་རང་ཉིད་ཀྱི་དངུལ་བྱང་བེད་སྤྱད་ནས་མགོ་སྐོར་གཏོང་བཞིན་པ་ཤེས་བཞིན་དུ་རང་ཉིད་ཀྱི་དངུལ་བྱང་དང་ཁ་པར་བྱང་བུ་མང་པོ་ཞིག་མི་གཞན་ལ་བཙོངས་ཏེ་གློག་འཕྲིན་དྲ་རྒྱའི་སྟེང་ནས་མགོ་སྐོར་བཏང་བ་མ་ཟད། དེའི་ཁྲོད་ནས་ཁེ་བཟང་སྒོར་ཁྲི་3ཙམ་བླངས་བའི་ནག་ཉེས་བཟོས་ཡོད་པར་ཁས་ལེན་མི་བྱས་ཤིང་། མིག་སྔར་དོགས་ཡོད་ཉེས་ཅན་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་དོན་ད་ལྟ་སྒྲུབ་བཞིན་པའི་སྒང་ཡིན། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།