མཚོ་སྔོན་ཞིང་ཆེན་གྱིས“མཚོ་སྔོན་གྱི་སྨན་རྫས་བཅོ་བརྒྱད”གཙོ་བོར་བྱས་པའི་ས་གནས་ཀྱི་ཀྲུང་བོད་སྨན་རྫས་གཏན་འཁེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲེལ་ཡོད་སྡེ་ཁག་དང་ཚན་ཞིབ་ལས་ཁུངས་དང་ཆེད་མཁས་པ་བཅས་ཀྱིས་འོས་སྦྱོར་དང་ཞིབ་དཔྱད། ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་ཚན་རིག་ལག་རྩལ་ཐིང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་སོགས་ལས་ཁུངས་དགུ་ཡིས་མཉམ་གཅིག་ཏུ་དབྱར་རྩྭ་དགུན་འབུ་དང་འཕང་འབྲས། ལྕུམ་རྩྭ། སྲོ་ལོ་དམར་པོ། ཀྱི་ལྕེ། སྤྲུ་ནག གླ་རྩི། སྟར་བུ། སྲད་དཀར། སྤང་སྤོས། ལྕ་བ་སོགས་ཀྲུང་བོད་ལུགས་སྨན་རྫས་བཅོ་བརྒྱད་མཚོ་སྔོན་ཞིང་ཆེན་ས་གནས་ཀྱི་ཀྲུང་བོད་སྨན་རྫས“མཚོ་སྔོན་གྱི་སྨན་རྫས་བཅོ་བརྒྱད”དུ་ངོས་འཛིན་བྱས།

མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ས་མཐོའི་གྲང་བསིལ་རང་བཞིན་གྱི་གནམ་གཤིས་ཀྱིས་སྣ་མང་ཕུན་སུམ་ཚོགས་ལ་དམིགས་བསལ་ཁྱད་ཆོས་ལྡན་པའི་སྨན་སྤྱོད་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་མང་དུ་ཡོད་རྐྱེན་རྒྱལ་ཁབ་ཀྱི་ས་གཤིས་དང་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད། མཚོ་སྔོན་གྱི་རི་སྐྱེས་ཀྲུང་ལུགས་སྨན་རྩྭ་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་དང་། ལྕུམ་རྩྭ་ཡིན་པ་དང་། དབྱར་རྩྭ་དགུན་འབུའི་ཐོན་འབོར་ལོ་རེར་ཏུན110ནས་ཏུན150ཡས་མས་ཡིན་ལ། ལྕུམ་རྩྭ་འཐུ་བ་གཙོ་བོར་བྱེད་ཀྱི་ཡོད། མིའི་བྱེད་ཐབས་ལ་བརྟེན་ནས་ཀྲུང་བོད་སྨན་རྩྭ་འདེབས་འཛུགས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི22.25(མུའུ་ཁྲི333.7)ཡིན་ལ། དེའི་ནང་ལྕུམ་རྩྭ་དང་ཧོང་ཧྲི། ལྕ་བ་སོགས་ཀྱི་ཀྲུང་བོད་སྨན་རྫས་གཞན་པ་སྤྱི་ཆིང་ཁྲི1.17(མུའུ་ཁྲི17.58)ཡོད་པས། ནུབ་རྒྱུད་ས་ཁུལ་དུ་ལྕ་བ་དང་ཧོང་ཧྲི་སྐྱེ་དངོས་གཅིག་བསྡུས་ས་ཁུལ་ཡིན། གཞན་ཡང་མཚོ་སྔོན་གྱི་སྨན་སྤྱོད་སྲོག་ཆགས་གསོ་ཚགས་ཐད་མིག་སྔར་གླ་བའི་རིགས་གཙོ་བོར་བྱེད་པ་དང་། ཤྭ་བ་མཆུ་དཀར་དང་ཤྭ་བ་ཁྲ་རིས་སོགས་གསོ་ཚགས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཕྱིན་ནས་ཞིང་ཆེན་ཡོངས་སུ་གསོ་ཚགས་རྟེན་གཞི28ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྲིད་ཇུས་བྱེད་ཐབས་ལ་ཤུགས་བསྣན་ནས། ཁྱོན་ཡོངས་ནས་མཚོ་སྔོན་ས་གནས་ཀྱི་ཀྲུང་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་བརྟེན། “ཚྭ་འདམ་གཞུང”སོགས་ཀྱི་ས་ཁོངས་རང་བཞིན་དང་། “མཚོ་སྔོན་རྟགས་ཅན”གྱི་ནགས་ལས་ཐོན་རྫས་ཀྱི་སྤུས་རྟགས་རགས་ཙམ་ཆགས་ཤིང་། མཚོ་སྔོན་གྱི་འཕང་འབྲས《ཀྲུང་གོའི་སྨན་གཞུང》(2020ལོའི་པར་གཞི)ནང་ཚུད་ཡོད། དབྱར་རྩྭ་དགུན་འབུའི་ཐོན་ལས་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པས་ལོ་གཉིས་ལ་བསྟུད་མར་དབྱར་རྩྭ་དགུན་འབུའི་དུས་ཆེན(དུས་ཚིགས)བྱེད་སྒོ་སྤེལ་བ་དང་ཉོ་ཚོང་བྱས་པར་བསྡོམས་འབོར་སྒོར་དུང་ཕྱུར75ལ་སླེབས་པ་དང་། སྔོག་འཐུ་དང་ལས་སྣོན། ཕྱིར་འཚོང་སྦྲེལ་ཐག་ཐོན་ལས་མ་ལག་གྲུབ་པས། ཐོན་ཚད་རྒྱལ་ཡོངས་དབྱར་རྩྭ་དགུན་འབུའི་སྤྱིའི་ཐོན་འབོར་གྱི60%ཡན་ཟིན་པ་དང་། འཛམ་གླིང་དབྱར་རྩྭ་དགུན་པའི་སྤྱིའི་ཐོན་འབོར་གྱི50%ཡན་ཟིན་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པར་དབྱར་རྩྭ་དགུན་འབུའི་ཐོན་ལས་འཕེལ་རྒྱས་ཁྲོད་ཁེ་ཕན་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།