ཀྲང་ཧོང་ཡོན་གྱིས་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། ཟླ12པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཧོང་ཡོན་གྲོང་གསེབ་དར་སྤེལ་འབྲེལ་གཏུགས་བྱེད་ས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་གོང་མ་སྡེ་བར་རྟོག་ཞིབ་བྱས་པ་མ་ཟད། ཡུལ་དངོས་སུ་བཞུགས་མོལ་བྱས་ཤིང་། བསམ་འཆར་ལ་ཉན་ནས་འཕེལ་རྒྱས་ལ་ཇུས་འགོད་བྱས།

སྡེ་བའི་ཞིང་ལས་འཕྲུལ་ཆས་ཞབས་ཞུ་མཉམ་ལས་ཁང་དུ། ཀྲང་ཧོང་ཡོན་གྱིས་འཕྲུལ་ཆས་བེད་སྤྱོད་དང་རྨོ་ཞིང་གླ་བསྐྱི། ལོག་དཀར་འདེབས་འཛུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོ2020ལོའི་སྒོར་ཁྲི་སྟོང་ལས་བརྒལ་བ་ཤེས་རྗེས། འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རིན་ཆེན་གྱི་ཁྱིམ་དུ། ཀྲང་ཧོང་ཡོན་གྱིས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་དང་རྩྭ་སའི་སྲུང་སྐྱོང་བེད་སྤྱོད། སྡེ་མི་ཞོར་ལས་ཀྱི་གནས་ཚུལ་ལ་བློ་འདྲི་བྱས་པ་དང་། འཕེལ་རྒྱས་ཀྱི་དམིགས་འབེན་དང་ཐོན་ལས་འཆར་འགོད་སོགས་ཀྱི་གནད་དོན་ཐད་ནས། ཁུལ་དང་གྲོང་རྡལ། སྡེ་བའི་འགན་ཁུར་བློ་མཐུན་དང་སྡེ་མིའི་འཐུས་མི་དང་བགྲོ་གླེང་བྱས། 

ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཡིན་པ་དང་། གོང་མ་སྡེ་བར་བསམ་ཕྱོགས་ཡོད་པ་དང་ལས་གཉེར་གྱི་བློ་སྤོབས་ཡོད་པ། རྨང་གཞི་ཡོད་པ་བཅས་ཡིན། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་གོ་སྐབས་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཐོད་བརྒལ་བྱེད་ས་བཙལ་ཏེ། གྲོང་གསེབ་དར་སྤེལ་དུ་བཏང་ནས། འབྲོག་པ་མང་ཚོགས་ལ་འགྱུར་བ་དང་ཁེ་ཕན་ཐོབ་པར་བྱེད་དགོས། རོང་འབྲོག་ཟུང་འབྲེེལ་དང་རྩྭ་ཕྱུགས་མཉམ་འབྲེལ། ཧུར་ཐག་གིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ནས། གཞི་ཁྱོན་ཅན་གྱི་གསོ་སྤེལ་ལམ་བུ་བཙལ་ཏེ། ཐོན་ལས་སྦྲེལ་མཐུད་འཐུས་ཚང་དང་། ཕྱུགས་ལས་ཕྱོགས་བསྡུས་ཁེ་ཕན་མཐོར་འདེགས་སུ་བཏང་ནས། ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་དར་རྒྱས་དེ་རྨང་གཞི་དང་གནད་འགག་ཏུ་བྱས་ཏེ། ཚན་རིག་སྒོས་འཆར་འགོད་སྒྲིག་བཟོ་དང་། ལས་བགོས་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐུན་མོང་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བ་དང་། འབྲོག་དམངས་མི་སྒེར་གྱི་ཕྱུག་འགྱུར་ལ་སྣེ་ཁྲིད་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།