ཝང་ཞོན་གྱིས་ཧོང་ཀྲུང་ཆུས་སུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12བའི་ཚེས17ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཧོང་ཀྲུང་ཆུས་གྲོང་གསེབ་དར་སྤེལ་འབྲེལ་གཏུགས་བྱེད་སར་སོང་ནས། ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱས། 

ཝང་ཞོན་གྱིས་ཡུལ་དངོས་སུ་ཡུས་ལ་དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཆིན་ཁའེ་ཡོན་གྱོན་ཆས་ལས་སྣོན་རོགས་སྐྱོར་འཁོར་ཁང་སོགས་སུ་སོང་ནས། འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་ལ་ཉན་པ་མ་ཟད། གཞི་རིམ་མང་ཚོགས་འཐུས་ཚབ་དང་བཞུགས་མོལ་བྱས། ཁོ་མོས་ཧོང་ཀྲུང་ཆུས་ཡིས་ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན། གྲོང་གསེབ་དར་སྤེལ་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། 

ཝང་ཞོན་གྱིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་གྲོང་གསེབ་དར་སྤེལ་སྔར་ལས་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སུ་བསྒྱུར་བ་དང་། གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་སུ་སྐུལ་འདེད་བཏང་སྟེ། བསམ་ཕྱོགས་གསར་བ་དང་རྣམ་པ་གསར་བས་ས་ཁོངས་སྐུལ་འདེད་དང་གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་ཤུགས་འདོན་པ་དང་། ཧོང་ཀྲུང་གི་དོན་དངོས་དང་ཟུང་འབྲེལ་སྒོས། ཟི་ལིང་གི་སྟོབས་ཤུགས་གཡར་ནས། མགྱོགས་མྱུར་སྒོས་ལས་བཟོ་བ་དང་ཞིང་བར་སྐུལ་འདེད་དང་། མཁར་གྲོང་ཁ་གསབ། མཐུན་སྦྱོར་འཕེལ་རྒྱས། མཉམ་དུ་ཡར་རྒྱས་སུ་གཏོང་བའི་རྣམ་པ་གསར་བའི་མཁར་གྲོང་འབྲེལ་བ་གྲུབ་པར་བྱེད་པ་དང་། ཞིང་ལས་སྤུས་ཚད་མཐོ་བ་དང་། གྲོང་གསེབ་གནས་ལ་འཚམ་པ། ཞིང་བ་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་མཐུད་སྦྲེལ་བྱེད་པར་དོ་སྣང་དང་། གྲོང་གསེབ་དར་སྤེལ་གྱི་བྱ་བར་འཆར་འགོད་བྱས་ནས། “མི་ཕུད་པ་བཞི”ཡི་བླང་བྱ་དོན་འཁྱོལ་བྱས་ཏེ། སྲ་བརྟན་རྒྱ་སྐྱེད་དང་གསར་གཏོད་འཕེལ་རྒྱས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས། རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་སྐད་ཆར་ཉན་པ་དང་། ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་དུས་རབས་ཀྱི་འགྱུར་བའི་ཁྲོད་ནས་གོ་སྐབས་བཙལ་ཏེ། གསར་གཏོད་སྐུལ་འདེད་འཕེལ་རྒྱས་དང་། ཞིང་བའི་ཚན་རྩལ་རིག་གནས་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། ཚན་རྩལ་གྱིས་ཞིང་ལས་འཕེལ་རྒྱས་ལ་རོགས་འདེགས་བྱེད་དུ་འཇུག་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།