ཟི་ལིང་ཕྱོགས་བསྡུས་ཁྲལ་བསྡུ་ཁུལ་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། ཟི་ལིང་ཕྱོགས་བསྡུས་ཁྲལ་བསྡུ་ཁུལ(གཤམ་དུ“ཟི་ལིང་ཕྱོགས་བསྡུས་ཁྲལ་བསྡུ་ཁུལ”དུ་འབོད)ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་ཐོབ་པ་དང་། མི་འགྱངས་པར་ཚོང་གཉེར་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྐུལ་འདེད་བྱེད་པ་ཡིན་ཞིང་། ཧུར་ཐག་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་སུ་འཇུག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་ཞིབ་བཤེར་གྲོས་ཚོགས་སུ་ཞུགས། 

ཟི་ལིང་ཕྱོགས་བསྡུས་ཁྲལ་བསྡུ་ཁུལ་དེ་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་པའེ་ཁྲོན་བཟོ་ལས་གླིང་ཁུལ་དུ་ཡོད་ཅིང་། འཆར་བཀོད་ཀྱི་སའི་རྒྱ་ཁྱོན་སྤྱི་ཆིང92.4ཡོད་པ་དང་། ཞིབ་བཤེར་བཟོ་སྐྲུན(འཛུགས་སྐྲུན་སྔོན་གྱི་བཟོ་སྐྲུན)ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར10.8བཏང་། 2019ལོའི་ཟླ12པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟི་ལིང་ཕྱོགས་བསྡུས་ཁྲལ་བསྡུ་ཁུལ་སྒྲིག་འཛུགས་བྱེད་རྒྱུར་ཆོག་མཆན་གནང་། ལས་གཞི་འཛུགས་སྐྲུན་བྱས་པའི་ཚུན་ལ། ཟི་ལིང་གྲོང་ཁྱེར་གྱིས་ཚོང་གཉེར་དམིགས་འབེན་དང་འབྲེལ་ཏེ། ཧུར་ཐག་གིས་ཆ་རྐྱེན་གསར་སྐྲུན་དང་ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས། རྨང་གཞི་དང་ལྟ་སྐུལ་དོ་དམ་སྒྲིག་ཆས་འཛུགས་སྐྲུན་བདེ་བླག་ངང་ལེགས་འགྲུབ་བྱས་པ་དང་ཚོང་འགུག་དངུལ་འདྲེན་ཐད་ཐོག་མའི་ཕན་འབྲས་བླངས། 

རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས་དང་། སྲིད་ཇུས་འཐུས་ཚང་། བསམ་བློ་བཅིངས་འགྲོལ། ལྟ་བ་གསར་བསྒྱུར། བྱེད་ནུས་རྒྱ་བསྐྱེད། ཞབས་ཞུ་ཇེ་ལེགས་སུ་བཏང་ནས། ཟི་ལིང་ཕྱོགས་བསྡུས་ཁྲལ་བསྡུ་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྔོན་བསྐྱོད་ཁུལ་དང་། ཁྲལ་བསྡུ་ལས་བསྣོན་གཅིག་བསྡུས་ཁུལ། ཚན་རྩལ་གསར་གཏོད་དཔེ་སྟོན་ཁུལ། ཁོངས་བརྒལ་གློག་རྡུལ་ཚོང་དོན་སྣེ་ཁྲིད་ཁུལ། ཉོ་ཚོང་ཞབས་ཞུ་གསར་གཏོད་ཁུལ་བཅས་སུ་གསར་སྐྲུན་བྱས་ཏེ། ཧུར་ཐག་གིས་འཁོར་རྒྱུག་གཉིས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་ཞུ་བྱེད་པར་བྱེད་ནུས་འདོན་སྤེལ་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།