ཀྲང་ལི་ཡིས་མཚོ་སྔོན་ཞིང་ཕྱུགས་ཚན་རྩལ་ཆེད་ལས་སློབ་གླིང་དུ་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལི་མཚོ་སྔོན་ཞིང་ཕྱུགས་ཚན་རྩལ་ཆེད་ལས་སློབ་གླིང་དུ་ཕེབས་ནས་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་དང་། “གཏན་འཁེལ་གཉིས”ལ་གོ་བ་ཟབ་མོ་བླངས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར། རྒྱལ་ཁབ་ཀྱི་བརྩེ་བ་ཡིད་ལ་བཟུང་ཏེ། ལང་ཚོ་དེ་མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་ཐད་ཕུལ་དགོས་ཞེས་བསྟན།

ཀྲང་ལི་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་ལེན་བཟང་བོ་བྱས་ཏེ། དགེ་སློབ་ཚོ་དང་མཉམ་དུ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་དང་ལོ་རྒྱུས་ཉམས་མྱོང་ལ་སློབ་སྦྱོང་བྱས། ཁོ་མོས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་་དྲིལ་སྒྲོག་དང་ལག་ལེན་བྱེད་པ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཁྱོན་ཡོངས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། ཏན་ཏིག་གིས《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད》ལ་སློབ་སྦྱོང་དང་། “གཏན་འཁེལ་གཉིས”དེ“སྲུང་སྐྱོང་གཉིས”ཀྱི་བསམ་བློའི་རང་འགུལ་དང་ཆབ་སྲིད་རང་འགུལ། བྱེད་སྟངས་རང་འགུལ་བཅས་སུ་བསྒྱུར་དགོས་ཞེས་བསྟན།

ཀྲང་ལི་ཡིས་ནན་གྱིས་བསྟན་དོན། རེ་བར་ན་གཞོན་སློབ་མ་ཚོས་ཕུགས་འདུན་བརྟན་པོས་ནམ་ཡང་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་བྱས་ཏེ། ཏང་གི་སེམས་ཤུགས་བློ་རྩ་རུ་བྱས་ཏེ། དཀྱིལ་སྙིང་སེམས་སུ་འཛིན་པ་ནི་གཙོ་ཁྲིད་དང་། དར་ཆ་ནི་དད་མོས་དང་འབོད་སྐུལ་ནི་བཀའ་ཡིག་དུ་བརྩི་དགོས། རྒྱལ་ཁབ་ཀྱི་ལས་དོན་ཆེ་ཤོས་སེམས་སུ་བཟུང་ནས། སེམས་སུ་སྤྱི་ཡོངས་ཡོད་པའི་རྣམ་པ་ཆགས་སུ་འཇུག་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་སེམས་ཁུར་བྱས་ཏེ། མཚོ་སྔོན་འཛུགས་སྐྲུན་འཕེལ་རྒྱས་ལ་དོ་སྣང་བྱས་ནས། དམངས་ཀྱི་ཐོག་མའི་བསམ་འདུན་སྲུང་དགོས། རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱས་ནས། རྩལ་ནུས་དེ་བྱེད་སྟངས་སུ་བྱེད་པའི་དུས་རབས་གསར་བའི་ན་གཞོན་ཞིག་བྱེད་པར་བརྩོན་ལེན་བྱེད་དགོས། ཏང་གི་དགོངས་དོན་ཁྲོད་ཉིང་བཅུད་བསྡུ་ལེན་དང་དཀའ་སྤྱད་སྡུག་རུས། གྲོན་ཆུང་སྲི་ཚགས་བཅས་བྱས་ནས། ལག་ལེན་ཁྲོད་དམངས་ལ་ཞུགས་པ་དང་རྩལ་ནུས་སྦྱོང་བ། བྱེད་ཕོད་པར་བྱས་ཏེ། ལང་ཚོ་དེ་གཏོང་ཕོད་དང་འབད་བརྩོན་གྱི་ཆེད་དུ་དབུལ་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།