ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་བྱ་བའི་གྲོས་ཚོགས་བསྡུས་ཏེ། 2021ལོའི་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་བྱ་བར་སྤྱི་བསྡོམས་དང་། 2022ལོའི་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཤིང་། 《མཚོ་སྔོན་ཞིང་ཆེན་གྱི〈སློབ་གསོའི་ལྟ་སྐུལ་མཛུབ་སྟོན་འགན་འཁྲི་བདའ་འདེད་བྱ་ཐབས〉ལག་བསྟར་ཞིབ་ཕྲའི་རྩ་དོན(ཚོད་ལྟ)》གྲོས་ཞིབ་བྱས་པ་དང་། ཞིང་ཆེན་རིམ་པའི་སློབ་གྲྭའི་ལྟ་ཞིབ་བྱེད་མཁན་གསར་དུ་འདེམས་བསྐོ་བྱས། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་སྲིད་གཞུང་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཀྲི་ཝུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
དབྱང་ཀྲི་ཝུན་གྱིས་བསྟན་དོན། དུས་ཡུན་རིང་བོར། ཞིང་ཆེན་སྲིད་གཞུང་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་དེ་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དང་སློབ་གསོའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གནད་གཙོ་བོར་བཟུང་ནས། ཁྲིམས་ལྟར་སློབ་གསོ་བཅོས་སྐྱོང་དང་སློབ་གསོ་དེང་རབས་ཅན་གྱི་གལ་ཆེའི་ཐབས་ལམ་དུ་བརྩིས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་སོ་སོ་ཕན་ནུས་ལྡན་པའི་སྒོ་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཏང་གིས་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་བྱ་བའི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་བསྣོན་དང་། ལྟ་སྐུལ་མཛུབ་སྟོན་གྱི་རྣམ་པ་བྱེད་ཐབས་གསར་གཏོད་དང་། ལྟ་སྐུལ་མཛུབ་སྟོན་གྱི་མཇུག་འབྲས་བེད་སྤྱོད་ཤུགས་དྲག་ཏུ་བཏང་ནས། ལྟ་སྐུལ་མཛུབ་སྟོན་བྱ་བའི་འདུས་ཤུགས་གྲུབ་པར་བྱེད་དགོས། གཙོ་གནད་དང་དཀའ་གནད་ལ་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོའི་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་སྣ་སོ་སོ་ཟབ་སྤེལ། སློབ་གསོའི་འབུར་ཐོན་གནད་དོན་ལེགས་བཅོས། སློབ་གསོའི་དྲང་བདེན་སྤུས་ཚད། སློབ་རའི་བདེ་འཇགས། སྲིད་གཞུང་གི་སློབ་གསོའི་ལས་གནས་ལག་བསྟར་སོགས་དང་འབྲེལ་ནས་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་གྱི་བྱེད་ནུས་འདོན་སྤེལ་བྱེད་དགོས། བཅོས་བསྒྱུར་ཟབ་སྤེལ་གོ་སྐབས་སུ་བཟུང་ནས། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་ཁ་ཕྱོགས་ལག་བསྟར་དང་ལྟ་སྐུལ་མཛུབ་སྟོན་གྱི་འགན་འཁྲི་བདའ་འདེད་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། དམིགས་གཏད་རང་བཞིན་དང་དབང་གྲགས་རང་བཞིན། དངོས་ཕན་རང་བཞིན་བཅས་མཐོར་འདེགས་སུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་སློབ་གསོའི་དགོས་མཁོར་ཞབས་ཞུ་སྒྲུབ་དགོས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
དབྱང་ཀྲི་ཝུན་གྱིས་སློབ་གསོའི་ལྟ་སྐུལ་མཛུབ་སྟོན་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགསོ་ཞེས་བསྟན།