མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བདེན་དོན་དཔའ་སྐྱེད་བྱ་བའི་གྲོས་ཚོགས་དང་བདེན་དོན་དཔའ་སྐྱེད་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བདེན་དོན་དཔའ་སྐྱེད་བྱ་བའི་གྲོས་ཚོགས་དང་བདེན་དོན་དཔའ་སྐྱེད་གཟེངས་བསྟོད་ཚོགས་ཆེན་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡན་པའེ་ཡིས་གཏམ་བཤད་གནང་བ་དང་། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན་གྱིས་མགོ་འཛིན་གནང་ཞིང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་གྱི་འོས་མི་ཁྲ་ཆིན་ཅིའུ་ཡིས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་འདོན་གནང་།

ཡན་པའེ་ཡིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཏང་ཨུའི་སྲ་བརྟན་གྱི་མགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་ཤུགས་ཆེན་འོག མཚོ་སྔོན་ཞིང་ཆེན་གྱི་བདེན་དོན་དཔའ་སྐྱེད་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བའི་འཕེལ་ཕྱོགས་བཟང་པོ་མངོན་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེན་དོན་དཔའ་སྐྱེད་ཀྱི་བྱ་གཞག་ཐད་བཏོན་པའི་དགོངས་དོན་གསར་པ་དང་ལྟ་བ་གསར་པ། ཆོད་སེམས་གསར་པ་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་མགོ་ཁྲིད་ཀྱི་བདེན་དོན་དཔའ་སྐྱེད་བྱ་གཞག་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོ་རུ་ཁྱབ་པ་མཐའ་འཁྱོངས་བྱེད་པ། བདེན་དོན་དཔའ་སྐྱེད་ཀྱི་བྱ་གཞག་ནི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། བདེ་འཇགས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩི་བ་བཅས་བྱས་ནས་བདེན་དོན་དཔའ་སྐྱེད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལམ་ལུགས་འགན་ལེན་སྔར་ལས་འཐུས་ཚང་དུ་བཏང་སྟེ་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ནུས་པ་ཆེན་པོ་འདོན་དགོས་པར་བསྟན།

ཡན་པའེ་ཡིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བདེན་དོན་དཔའ་སྐྱེད་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་བཟང་པོ་བྱེད་པ་དང་། བདེན་དོན་དཔའ་སྐྱེད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་རིན་ཐང་གི་ཐུན་མོང་ངོས་འཛིན་མཐའ་འཁྱོངས་བྱེད་པ། བདེན་དོན་དཔའ་སྐྱེད་མཁན་གཅེས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱོད་བཟང་ལ་གོང་བཀུར་དང་དྲང་བདེན་དར་སྤེལ། སྲོལ་བཟང་དར་སྤེལ་བཅས་བྱེད་པར་སྔར་ལས་ནུས་པ་ལྡན་པའི་སྐུལ་ལྕག་བྱས་ཏེ། ཞིང་ཆེན་གྱི་བདེན་དོན་དཔའ་སྐྱེད་བྱ་གཞག་བདེ་འཇགས་ངང་འཕེལ་རྒྱས་ཡོང་བར་སྐུལ་བྱེད་པར་བརྟེན་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་དང་འཚོ་བ་གསར་པ་སྐྲུན་པར་སྔར་ལས་ལྷག་པའི་ལག་སྐྱེས་འབུལ་དགོས་པར་བསྟན།  

གྲོས་ཚོགས་སྟེང་ཉེ་བའི་ལོ་ཤས་ནང་བྱུང་བའི་ཞིང་ཆེན་ཡོངས་ཀྱི་བདེན་དོན་སྐྱོང་བའི་དཔའ་བོ་དང་དཔེ་ལེགས། སྔོན་ཐོན་མི་སྒེར(ཚོགས་སྤྱི)བཅས28ལ་གཟེངས་བསྟོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།