2021ལོའི་ཁྲིམས་རྒྱུགས་ཀྱི་རང་རྟོགས་རྒྱུགས་གཞིའི་མཚོ་སྔོན་རྒྱུགས་ཁུལ་གྱི་ཡིག་རྒྱུགས་བདེ་བླག་ངང་མཇུག་བསྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས19ཉིན། 2021ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་གཞིའི་མཚོ་སྔོན་རྒྱུགས་ཁུལ་གྱི་རང་རྟོགས་རྒྱུགས་གཞིའི་ཡིག་རྒྱུགས་བདེ་བླག་ངང་མཇུག་བསྒྲིལ་ནས། ཡིག་རྒྱུགས་ལས་དོན་ལ“ནོར་འཛོལ་མེད་པ”དང་ཡིག་རྒྱུགས་རྩ་འཛུགས་ལ“ནོར་འཁྲུལ་གང་ཡང་མེད་པའི”དམིགས་ཚད་མངོན་འགྱུར་བྱུང་ཡོད། འདི་ནི་མཚོ་སྔོན་རྒྱུགས་ཁུལ་དུ་བསྟུད་མར་ལོ20ལ“ཀླད་ཀོར་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་ཡིན།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་རྒྱུགས་ཁུལ་གྱི་རང་རྟོགས་རྒྱུགས་གཞིའི་ཡིག་རྒྱུགས་ནང་ཞུགས་མཁན་གྱི་མི་གྲངས2083ཡོད་པ་དང་། དངོས་སུ་ཡིག་རྒྱུགས་ལ་ཞུགས་མཁན1980ཡོད་ལ། ལོ་ན་ཆེས་ཆེ་བ་ནི་ལོ59དང་། ལོ་ན་ཆེས་ཆུང་བ་ནི་ལོ20རེད། རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ཡིག་རྒྱུགས་ཀྱི་རང་རྟོགས་རྒྱུགས་གཞིའི་ཡིག་རྒྱུགས་མ་གཞི2021ལོའི་ཟླ11པའི་ཚེས21ཉིན་གཏན་འཁེལ་བྱས་ཡོད་ཀྱང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་གྱི་དབང་གིས་ཁྲིམས་འཛིན་པུའུ་ཡི་ཆོག་མཐུན་ཐོབ་པ་བརྒྱུད། མཚོ་སྔོན་རྒྱུགས་ཁུལ་ཟླ12པའི་ཚེས19ཉིན་བར་ཕྱིར་འགྱངས་བྱས་ཏེ་རྒྱུགས་བླངས། ཞིང་ཆེན་ཡོངས་སུ་རྒྱུགས་ལེན་ས་ཚིགས4བཙུགས་ཡོད་པ་དང་རྒྱུགས་ར61བཀོད་སྒྲིག་བྱས་ཡོད། རྒྱུགས་སྤྲོད་པར་རྩིས་འཁོར་གྱི་ཡིག་རྒྱུགས་དང་ཤོག་ངོས་ཀྱི་ཡིག་རྒྱུགས་ལེན་སྟངས་བེད་སྤྱད་དེ་ཁྲིམས་འཛིན་པུའུ་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་སྤྲོད་དང་བཀོད་འདོམས་ལྟེ་གནས་ཀྱི་རྒྱང་ཁྲིད་སྐོར་ཞིབ་མ་ལག་བརྒྱུད་རྒྱུགས་ལེན་གནས་ཚུལ་ལ་ལྟ་རྟོག་ཞིབ་བཤེར་བྱས་པ་རེད།

ཡིག་རྒྱུགས་ལས་དོན་བདེ་བླག་གིས་སྤེལ་བར་འགན་ལེན་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་ལེན་ལས་དོན་མཐུན་སྦྱོར་ཨུ་ཡོན་ལྷན་ཚོགས་བཙུགས་ནས་སློབ་གསོ་དང་སྨན་བཅོས། སྤྱི་བདེ། འཕྲལ་སྡོམ་དོ་དམ། འཕྲིན་གཏོང་། གློག་ཤུགས། མེ་ཟོན། སྐུད་མེད་གློག་འཕྲིན་དོ་དམ་སོགས་ཀྱི་སྡེ་ཁག་རྩ་འཛུགས་བྱས་ཏེ། རྒྱུགས་སྤྲོད་ས་ཚིགས་ཀྱི་ཁོར་ཡུག་ལ་དུག་སེལ་དང་། ཡིག་རྒྱུགས་དྲ་རྒྱའི་ཚད་ལེན་ཚོད་ལྟ། གློག་ཤུགས་ལམ་ཐིག་གི་ཞིབ་དཔྱད་ཚད་ལེན། འཕྲིན་གཏོང་ཤར་གཏོང་ཞིབ་བཤེར་བཅས་ནན་མོ་བྱས་ནས་རྒྱུ་རྐྱེན་ཡོངས་ཀྱི་ཚད་ལེན་ཚོད་ལྟ་དང་དུས་དང་བར་སྟོང་ནང་སྦྱོང་བྱས་ཏེ་རྒྱུགས་ལེན་འགན་ལེན་ལ་སྟོབས་ཤུགས་ཡོད་ཚད་བཏོན།

རྒྱུགས་ལེན་སྐབས་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་སྐོར་ཞིབ་ལྟ་སྐུལ་ཚན་ཆུང4མངགས་ནས་སྐོར་ཞིབ་ལྟ་ཞིབ་བྱས། རྒྱུགས་སྤྲོད་སློབ་མ་ཚང་མས་ཁ་ཐུམ་བརྒྱབ་ནས་རེ་རེ་བཞིན་ཐོབ་ཐང་ཞིབ་བཤེར་བྱས་ཏེ་བདེ་ཐང་ཨང་རིས། ལམ་ཐིག་ཨང་རིས། ཆུ་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་སྙན་ཞུ་བཅས་སྟོན་པ་དང་ལུས་དྲོད་འཇལ་ནས་རྒྱུགས་སྤྲོད་སློབ་མ་ཚང་མ་བདེ་བླག་ངང་ཡིག་རྒྱུགས་ནང་ཞུགས་ཐུབ་པར་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།