མཚོ་སྔོན་ཞིང་ཆེན་གྱི2021ལོའི་ལས་ཞུགས་དམིགས་འབེན་ལས་འགན་ཚད་ལས་བརྒལ་ཏེ་སྔ་མོ་ནས་ལེགས་འགྲུབ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་དང་དཔལ་འབྱོར་འོག་གི་སྣོན་ཤུགས་ཁྱད་དུ་བསད་དེ། ལས་ཞུགས་བྱ་བ་གོ་རིམ་ལྡན་པའི་ངང་ནས་སྤེལ་བར་སྐུལ་འདེད་བཏང་སྟེ། ལས་ཞུགས་ཀྱི་ལོ་འཁོར་དམིགས་འབེན་ལས་འགན་ཚང་མ་སྔ་མོ་ནས་ལེགས་འགྲུབ་བྱུང་། ཟླ12པའི་ཟླ་སྟོད་བར་དུ། ཞིང་ཆེན་ཡོངས་ཀྱིས་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི6.2གསར་སྣོན་བྱས་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི110.46ལས་ཞུགས་སྤོ་སྒྱུར་བྱས་པ་དང་། སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་ཚད89.8%ལ་སླེབས་ལ། ནུས་རྩལ་གསོ་སྦྱོང་མི་ཐེངས་ཁྲི10.53རྩ་འཛུགས་བྱས་ཤིང་། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ཡི་ཚུན་གྱི་ཆེས་དམའ་བའི་ཆུ་ཚད་ཚོད་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་རྒྱུན་མཐུད་ངང་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱས། འདི་ནི་གསར་འགོད་པས་ཟླ12པའི་ཚེས15ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད།

ཞིང་ཆེན་སྲིད་གཞུང་གིས་ལས་ཞུགས་དང་གླ་ཕོགས་ཆད་འགྱངས་རྩ་བཅོས་བྱ་བར་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་མཐུན་སྦྱོར་ལམ་ལུགས་ལ་བརྟེན་ནས། རང་ཞིང་གིས་གཅིག་གྱུར་མཐུན་སྦྱོར་དང་བྱ་བ་མཉམ་ཤུགས་གྲུབ་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བྱ་བར་སྐུལ་འདེད་བཏང་ནས། ཁ་གཏད་རང་བཞིན་ལྡན་པ་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ལས་ཞུགས་བརྟན་བརླིང་དུ་གཏོང་བ་དང་རྒྱ་སྐྱེད་པར་སྲིད་ཇུས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས། སྲིད་ཇུས་དངོས་འབེབས་སྐུལ་འདེད་ཀྱིས་ཞབས་ཞུའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི“སྐུལ་འདེད་གཉིས”ཀྱི་བཟོ་འགོད་ལག་བསྟར་བྱེད་མགོ་བརྩམས་ཏེ། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་བརླིང་དུ་གཏོང་བར་ཤུགས་བསྣན་པ་དང་། ནུས་ཤུགས་ཡོད་རྒུས་ལས་རིགས་ནུས་རྩལ་མཐོར་འདེགས་འགུལ་སྐྱོད་སྤེལ་བ་རེད། ཟླ11པའི་ཟླ་མཇུག་བར་དུ། བསྡོམས་པས་ལས་ཞུགས་མ་དངུལ་སྒོར་དུང་ཕྱུར6.17བསྡུ་ལེན་བྱས་ཏེ། ཆ་རྐྱེན་འཛོམས་པའི་ཁེ་ལས9063ལ་ལས་རྐང་བརྟན་འཇགས་ཕྱིར་སློག་མ་དངུལ་སྒོར་ཁྲི7745.6རྩིས་སྤྲོད་བྱས་པར་བརྟེན་ནས་ལས་བཟོ་བ་མི་ཁྲི32.34ལ་དངོས་ཕན་ཐོབ། སློབ་གྲྭ་དང་ཁ་བྲལ་ཅིང་ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མ་གཙོ་གནད་དུ་བཟུང་ནས། ལས་སྐྲུན་སྣེ་ཁྲིད་དང་གཞི་རིམ་འཚར་ལོངས། ལས་ཞུགས་ལྟ་སྦྱོང་སོགས་ཀྱི་ཆེན་དམིགས་བྱ་འགུལ་ལག་བསྟར་བྱས་ཏེ། སྐོར་བཞི་བའི“རོགས་གསུམ་སྐྱོར་གཅིག”འཆར་གཞི་སྤེལ་མགོ་བརྩམས་པ་དང་། དངོས་མིང་ལམ་ལུགས་ཀྱི་ཆ་འཕྲིན་ཐོ་འགོད་ལ་སྐུལ་འདེད་བཏང་སྟེ། ལས་ཞུགས་རོགས་སྐྱོར་གནད་ལ་འཁེལ་བའི་ངང་སྤེལ་བ་རེད། དབུལ་ཐར་མང་ཚོགས་གཙོ་གནད་དུ་བཟུང་ནས་རོང་འབྲོག་ཁུལ་གྱི་ངལ་རྩོལ་པའི་ལས་ཞུགས་སྤོ་སྒྱུར་རྩ་འཛུགས་ཅན་གྱི་ཚད་གཞི་ཇེ་མཐོར་བཏང་། ལས་ཞུགས་སྟོང་ཁྱིམ་གཙོ་གནད་དུ་བཟུང་ནས། ལས་ཞུགས་དཀའ་ཁག་ཡོད་པའི་མི་སྣར་དངོས་མིང་ལམ་ལུགས་ཀྱི་འགུལ་རྣམ་དོ་དམ་དང་རིགས་འབྱེད་རོགས་སྐྱོར་སྤེལ་བ་དང་། ཚོང་རའི་ཐབས་ལམ་ལ་བརྟེན་ནས་ལས་ཞུགས་བྱེད་དཀར་བར་གཏན་འབེབས་ལྟར་སྤྱི་ཕན་རང་བཞིན་གྱི་ལས་གནས་ལྟར་བཀོད་སྒྲིག་བྱས་པས། ལས་ཞུགས་སྟོངས་ཁྱིམ་འགན་རྣམ་གྱིས་མེད་པར་བཟོས་པ་ཁག་ཁེག་བྱས།

དེ་དང་ཆབས་ཅིག་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ལས་ཞུགས་བརྟན་བརླིང་དུ་གཏོང་བའི“སྐྱེལ་བ་བཞི”ཡི་ཆེད་དོན་འགུལ་སྐྱོད་གཙོ་ཐིག་ཏུ་བཟུང་ནས། དཔྱིད་རླུང་བྱ་སྤྱོད་སོགས་ཀྱི་ཆེན་དམིགས་བསྡུ་ལེན་བྱ་འགུལ་ཐེངས349སྤེལ་ཏེ། ལས་གནས་ཁྲི18འདོན་སྤྲོད་བྱས་ཤིང་། གཙོ་གནད་ཁེ་ལས60ལྷག་གི་མི་སྤྱོད་ལས་གནས9430ལ་གདན་ཞུའི་ཞབས་ཞུ་འདོན་སྤྲོད་བྱས། སྤྱི་བའི་ཞབས་ཞུའི་ལས་ཞུགས་ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། “འཕྲིན་སྦྲེལ་དྲ་བ+ལས་ཞུགས”ཀྱི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་ཁྱབ་གསལ་ཉེར་སྤྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། དྲ་ཐོག་ནས་ལས་ཞུགས་ཞབས་ཞུའི་དོན་རྐྱེན་ཁྲི50.9ཐག་གཅོད་བྱས་པ་དང་། ཐག་གཅོད་བྱེད་ཚད99.6%ལ་སླེབས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།