ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས13ཉིན། ཟི་ལིང་གྲོང་ཁྱེར་སྒེར་འཁོར་ཁང་འཁོར་སྒར་སའི་སྐར་མའི་རིམ་པ་བཞིའི་དཔྱད་བསྡུར་གཏན་འབེབས་བྱ་བ་བདེ་བླག་ངང་མཇུག་བསྒྲིལ་ཞིང་། ཟི་ལིང་གྲོང་ཁྱེར་ལུས་རྩལ་སྤྱི་གླིང་སྒེར་འཁོར་ཁང་འཁོར་སྒར་ས་དེ་ཞིང་ཆེན་ཡོངས་ཀྱི་སྐར་མ་རིམ་པ་བཞི་པའི་སྒར་ས་ཐོག་མ་རུ་གྱུར་ཡོད།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མིག་སྔར་ཞིང་ཆེན་ཡོངས་སུ་སྒེར་འཁོར་ཁང་འཁོར་སྒར་ས་བསྡོམ་པས17ཡོད་པ་དང་། ཟི་ལིང་གྲོང་ཁྱེར་ལུས་རྩལ་སྤྱི་གླིང་སྒེར་འཁོར་ཁང་འཁོར་སྒར་ས་ནི་ཞིང་ཆེན་ཡོངས་ཀྱི་སྒར་ས་ཐོག་མ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྐར་མའི་རིམ་པ་བཞི་པའི་སྒར་ས་ཐོག་མའང་ཡིན་པས། མ་འོངས་པར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་སྒར་སའི་གཉེར་སྐྱོང་སྤུས་ཚད་མཐོར་འདེགས་གཏོང་བར་ནུས་པ་ལྡན་པའི་སྐུལ་ཁྲིད་བྱ་རྒྱུ་དང་། ཐ་ན་ནུབ་རྒྱུད་ས་ཁུལ་སྒར་སའི་སྤུས་ཚད་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱ་རྒྱུ་རེད། ཟི་ལིང་གྲོང་ཁྱེར་ལུས་རྩལ་སྤྱི་གླིང་སྒེར་འཁོར་ཁང་འཁོར་སྒར་སས2016ལོར་དངོས་སུ་གཉེར་སྐྱོང་བྱེད་མགོ་བརྩམས་པ་ནས་བཟུང་། སྔ་གཞུག་ཏུ་ཀྲུང་གོའི་སྒེར་འཁོར་ཁང་འཁོར་སྒར་འདེབས་མནའ་འབྲེལ་དང་། དར་གོས་ཚོང་ལམ་ཁང་འཁོར(སྒར་འདེབས)སྒེར་འཁོར་གཏོང་བའི་མཛད་སྒོ། འཇར་མན་དང་སུའེ་ཙེར་སོགས་རྒྱལ་ཁབ་མང་པོའི་ཁང་འཁོར་ཡུལ་སྐོར་ཚོགས་པ་སོགས་ཀྱི་བྱེད་སྒོ་ཆེན་མོ་སྣ་ཚོགས་ལ་སྣེ་ལེན་ཞུས་པར། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་མ་ཟད། ཀྲུང་གོའི་ལུས་རྩལ་ཡུལ་སྐོར་གྱི་རྩེར་སོན་ལམ་ཐིག་སྟེ《མཚོ་སྔོན་མཚོ་བོད་མཐོ་སྒང་གི་མཁའ་ལམ་དུ་སྒེར་འཁོར་གཏོང་བའི་ལམ་ཐིག》ཅེས་པའི་བདག་དབང་ཡང་ཐོབ་ཡོད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐར་མའི་རིམ་པ་བཞི་པའི་སྒེར་འཁོར་ཁང་འཁོར་སྒར་ས་དང་པོ་ཟི་ལིང་དུ་བཙུགས་པ།