མཚོ་སྔོན་གྱི་མཐོ་སྒང་སྐྱེ་ལྡན་སྐྱེ་ཁམས་ཐོན་རྫས་སྣ་སྟོང་ལྷག་ཧའེ་ནན་དུ་འགྲེམ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན་ནས་ཚེས19ཉིན་བར། 2021ལོའི་(ཧའེ་ནན)རྒྱལ་སྤྱིའི་ཚ་བའི་ས་ཁུལ་གྱི་ཞིང་ལས་ཐོན་རྫས་དགུན་དུས་ཉོ་ཚོང་ཚོགས་འདུ་ཧའེ་ནན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སྤེལ། སྐབས་འདིའི་ཧའེ་ནན་དགུན་དུས་བརྗེ་རེས་ཚོགས་འདུར། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཁུལ་དང་གྲོང་ཁྱེེར8ཀྱི་གསར་སྤེལ་ཁུལ4ཡི་ཁྲོད་སྤུས་ལེགས་ཁེ་ལས4བདམས་ཏེ། མཚོ་སྔོན་གྱི་ཁྱད་ལྡན་མཐོ་སྒང་སྐྱེ་ལྡན་སྐྱེ་ཁམས་ཐོན་རྫས་སྣ་ཆིག་སྟོང་ལྷག་དང་། མཉམ་ལས་གྲོས་གཞི་རྩ་འཛུགས་བྱས་ཏེ་འགྲེམ་སྟོན་ཕྱིར་འཚོང་བྱས།

རྒྱུས་ལོན་པ་ལྟར་ན། སྐབས་འདིའི་འགྲེམ་ཚོགས་ཀྱིས་མཚོ་སྔོན་གྱི་མཐོ་སྒང་ཁྱད་ལྡན་དང་། རིགས་སོ་སོའི་སྤུས་ལེགས་ལྗང་མདོག་སྐྱེ་ཁམས་ཐོན་རྫས་གཙོ་བོ་མངོན་མཚོན་བྱེད་པ་དང་། མཚོ་སྔོན་གྱི་བརྗོད་དོན་འགྲེམ་ཁང་དུ་ཁྱད་ལྡན་འགྲེམ་ཁུལ6ཏུ་བགོས་ཡོད་དེ། མཚོ་སྔོན་ཞིང་ཆེན་གྱི་སྣང་བརྙན་འགྲེམ་ཁུལ་དུ་གཙོ་བོ་མཚོ་སྔོན་རང་ས་གནས་ཀྱི་མཐོ་སྒང་ཁྱད་ལྡན་རིག་གནས་དང་། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཛུགས་སྐྲུན་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་། མཐོ་སྒང་སྐྱེ་ཁམས་བདེ་སྲུང་འགྲེམ་སྟོན་ཁུལ་དུ། འཕང་འབྲས་ནག་པོ་དང་དམར་པོ། ཞོ། ལི་གྲོ། སྦྲང་རྩི་སོགས་སྤུས་ལེགས་ཤིང་། བཅུད་འཛོམས་པ། རང་བྱུང་གི་སྐྱེ་ཁམས་ཐོན་རྫས་བཀྲམ་ཡོད། མཐོ་སྒང་ཁྱད་ལྡན་བཏུང་ཆུ་འགྲེམ་ཁུལ་དུ། མཐོ་སྒང་གི་ནས་ཆང་དང་འཕང་འབྲས་ཆང་། མཐོ་སྒང་གི་གཏེར་ཆུ་སོགས་ཐོན་རྫས་བཀྲམ་ཡོད། ལྗང་་མདོག་བཅུད་ལྡན་ཞིང་ལས་ཐོན་རྫས་འགྲེམ་ཁུལ་དུ། ནས་ཕྱེ་དང་སྟར་བུའི་སྣུམ། ནས་ཞོ་སོགས་བཅུད་ལྡན་ཞིང་ཞོར་ཐོན་རྫས་བཀྲམ་ཡོད། ཕྱུགས་ལས་ཐོན་རྫས་དང་ཤ་རིགས་འགྲེམ་ཁུལ་དུ། ནོར་ཤ་དང་བོད་ལུག་གི་ཤ་སོགས་ཕྱུགས་ལས་ཐོན་རྫས་བཀྲམ་པའི་དུས་མཚུངས་སུ། གླེང་མོལ་བྱེད་སར་ཡུལ་དངོས་ལྟད་མོ་བར་བརྗེ་རེས་བྱེད་སའི་ཁོར་ཡུག་ལེགས་པོ་མཁོ་འདོན་བྱས་ཏེ། ཕྱོགས་སོ་སོའི་ཐོན་ལས་མཉམ་ལས་ལ་སྐུལ་འདེད་བཏང་། 

ཤེས་གསལ་ལྟར་ན། མཚོ་སྔོན་བརྗོད་དོན་འགྲེམ་ཁུལ་དུ་གསར་གཏོད་འཆར་འགོད་དང་། མཚོ་སྔོན་ཞིང་ཆེན་གྱི་ས་ཁྲ་བརྗོད་དོན་དུ་བྱས་པ་དེས་འགྲེམ་ཁུལ་ལ་དམིགས་བསལ་གྱི་དོན་སྙིང་བསྩལ་ཡོད། དུས་མཚུངས་སུ། སྒྲིག་གཞི་གསར་བ་སྤྱད་དེ། ཐུན་མིན་གྱི་སྒྲིག་གཞི་འཆར་འགོད་བྱས་པ་དེས་འགྲེམ་ཁུལ་གྱི་ངོས་གསར་དུ་བསྣན་པའི་དུས་མཚུངས་སུ། ལྟད་མོ་བས་ལྟ་སྐོར་བྱེད་པར་སྟབས་བདེ་བཟོས་ཡོད། འགྲེམ་ཁུལ་འཆར་འགོད་འདུ་ཤེས་དེ་དུས་རབས་ཀྱི་རྗེས་སྙེག་པ་དེས། མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་གྲུབ་འབྲས་དང་ཁྱད་ལྡན་ཟོང་རྟགས་ཀྱི་མཚར་ཉམས་མངོན་པར་བྱས་ཡོད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།