ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་དུ་རྟོག་ཞིབ་བཞུགས་མོལ་གནང་སྐབས་རྒྱ་ཆེ་བའི་སློབ་བུ་རྣམས་ལ། ཏང་གི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་གཏིང་ཟབ་སྒོས་ཁོང་དུ་ཆུད་ཅིང་ལེགས་པར་སྤྱོད་པ་དང་། ཕུགས་འདུན་རླབས་ཆེན་སེམས་སུ་ཉར་བ། སྙིང་སྟོབས་རླབས་ཆེན་གྱི་རྒྱུན་འཛིན་པ། ནུས་པ་སྟོབས་ཆེན་སྦྱོང་བ། འབད་པ་ལྷོད་མེད་སྒོས་རྒྱལ་གཅེས་ཀྱི་བརྩེ་བ་དང་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་འདུན་མ། རྒྱལ་ཁབ་ལ་དྲིན་གཟོ་བའི་འགུལ་སྐྱོད་བཅས་རང་རྟོགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ཆེན་མོ་མངོན་འགྱུར་བྱེད་པའི་འབད་འཐབ་ནང་འདྲེས་སུ་བཅུག་ནས། མཚོ་སྔོན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་། “གནས་བཞི”འཛུགས་སྐྲུན་གྱི་གར་སྟེགས་ཆེན་མོའི་སྟེང་བྱ་གཞག་སྐྱོང་ཞིང་བྱས་རྗེས་འཇོག་པ་དང་མི་ཚེའི་དོན་ལྡན་དུ་སྒྲུབ་དགོས་ཞེས་སྐུལ་མ་གནང་།
ཉིན་དེར། ཞིན་ཁྲང་ཞིང་མཚོ་སྔོན་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་དུ་ཕེབས་ཏེ། བསམ་བློའི་ཆབ་སྲིད་སློབ་ཁྲིད་ཁྱད་རྟགས་གསར་འཛུགས་བྱ་བར་རྒྱུས་ལོན་གནང་། གསར་འགྱུར་སློབ་གླིང་དུ། རྒྱང་སྒྲོག་ཚོད་ལྟ་ཁང་དང་། འཁྲབ་གཏོང་ཚོམས་ཆེན། གྲངས་འཛིན་སྨྱན་བྱད་ཐོན་སྐྱེད་དང་སློབ་སྒྲུབ་འདྲེས་སྦྱོར་བེད་སྤྱོད་དཔེ་སྟོན་རྟེན་གཞི་བཅས་ལ་གཟིགས་ཞིབ་མཛད་ནས། སློབ་ཚན་འཛུགས་སྐྲུན་དང་། ལག་ལེན་དཔེ་ཁྲིད། ལས་ཞུགས་ལས་གཏོད་སོགས་ཀྱི་གནས་ཚུལ་འདྲི་རྟོགས་ཞིབ་མོ་གནང་། དེའི་རྗེས་སུ། ཞིན་ཁྲང་ཞིང་དང་དགེ་སློབ་འཐུས་ཚབ་པ་རྣམས་ཀྱིས་བཞུགས་མོལ་བརྗེ་རེས་བྱས།
ཞིན་ཁྲང་ཞིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱིས་རྒྱ་ཆེ་བའི་ན་གཞོན་རྣམས་ནར་སོན་པ་དང་འཇོན་ཐང་ཅན་དུ་འགྱུར་བར་ཆ་རྐྱེན་བཟང་པོ་སྐྲུན་ཡོད་པར་མ་ཟད། དུས་རབས་ཀྱི་བླང་བྱ་གསར་པ་ཡང་བཏོན་ཡོད། ཚང་མས་ཕུགས་འདུན་རླབས་ཆེན་ཁོང་དུ་ཉར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ནན་མོ་དང་སློབ་སྟོན་ཟབ་མོ་ཡིད་ལ་དམ་པོར་འཛིན་ཞིང་། ཀུན་སྤྱོད་དང་ཤེས་རབ། ལུས་རྩལ་དང་མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བ། སྙིང་སྟོབས་རླབས་ཆེན་རྒྱུན་འཛིན་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་གདུང་རབས་མ་ལག་ལས་ཤེས་རབ་དང་སྟོབས་ཤུགས་བསྡུ་བ། ནུས་པ་སྟོབས་ཆེན་སྦྱངས་ནས། སློབ་སྦྱོང་གི་ནུས་པ་མཐོར་འདེགས་པ་དང་། ཤེས་བྱའི་རྨང་རྐང་བརྟན་པོར་འཛུགས་པ། འབད་པ་ཆེན་པོས་བཀོལ་སྤྱོད་རུང་བ་དང་ལས་འགན་ལྗིད་མོ་ཐེག་ཐུབ་པའི་རྐང་འཛིན་འཇོན་མིར་འགྱུར་དུ་འཇུག་པ། འབད་པ་ལྷོད་མེད་སྒོས་འགུལ་སྐྱོད་དངོས་ལ་བརྟེན་ནས་མེས་རྒྱལ་ལ་དྲིན་གཟོ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་བྱས་རྗེས་འཇོག་པ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས།
དབྱང་ཀྲི་ཝུན་མཉམ་དུ་རྟོག་ཞིབ་ལ་ཕེབས་པ་དང་བཞུགས་མོལ་ལ་ཞུགས། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
ཞིན་ཁྲང་ཞིང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་དུ་རྟོག་ཞིབ་མཛད།