ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་འཚོགས་ནས། 2021ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲིའི་ཞིབ་བཤེར་དཔྱད་ཞིབ་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས།
ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲིར་ཞིབ་བཤེར་དང་དཔྱད་ཞིབ་བྱེད་པ་ནི་ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ས་ཁུལ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱི་ཏང་ཨུས(ཏང་ཙུའུ)ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་སྤྱི་ཡོངས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པའི་དམ་འཛིན་བྱ་གཞི་གཙོ་བོ་ཞིག་ཡིན་པས། ཏང་ལ་དོ་དམ་དང་ཏང་ནན་གྱིས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་བཏང་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གཏིང་ཟབ་སྒོས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དེ་རེད།
ད་ཐེངས་ཀྱི་ཞིབ་བཤེར་དཔྱད་ཞིབ་དེ་ཏང་ཨུའི(ཏང་ཙུའུ)གཙོ་གཞིའི་འགན་འཁྲི་དང་། ཧྲུའུ་ཅིའི“འགན་འཁུར་པ་ཨང་དང་པོའི”འགན་འཁྲི། ཚན་ཁག་ཁོངས་མི“ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་སྒྲིག་ཁྲིམས་ཨུའི་ལྟ་སྐུལ་འགན་འཁྲི་བཅས་ཕྱོགས་བཞིའི་ཐད་ཀྱི་ནང་དོན་ལ་དམིགས་ནས་སྤེལ་བཞིན་ཡོད། དེའི་ནང་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བླང་བྱར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་སོགས་ཏང་ནང་ཁུལ་གྱི་ཆབ་སྲིད་ཆ་རྐྱེན་གལ་ཆེན་དང་། དེ་བཞིན《ཀྲུང་གུང་ཀྲུང་དབྱང་གི“མགོ་ཁྲིད་གཙོ་བོ”དང་མགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དང་ཆེད་དོན་ལྟ་སྐུལ་སོགས་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་བཤེར་དང་དཔྱད་ཞིབ་མངོན་གསལ་དོད་པོ་བྱས་ཡོད།
ཞིབ་བཤེར་དང་དཔྱད་ཞིབ་དེ2021ལོའི་ཟླ12པའི་ཚེས13ཉིན་ནས་མགོ་བརྩམས་པ་དང་། 2022ལོའི་ཟླ1པོའི་ཚེས21ཉིན་མཇུག་སྒྲིལ་རྒྱུ་ཡིན་ཞིང་། དེས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་སྡེ་ཁག་དང་ལས་ཁུངས88ལ་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་དང་། ལོ་འཁོར་གྱི་ཆེད་དོན་ཞིབ་བཤེར་དཔྱད་ཞིབ། སྤྱི་ཚོགས་ཀྱི་གདེང་འཇོག་དང་ཨུ་ཡོན་གྱི་གདེང་འཇོག་བཅས་ཟུང་འབྲེལ་བྱེད་སྟངས་ལ་བརྟེན་ནས་ཞིབ་བཤེར་དང་དཔྱད་ཞིབ་བྱ་རྒྱུ་རེད། ཆེད་དོན་ཞིབ་བཤེར་དང་དཔྱད་ཞིབ་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་སྣེ་ཁྲིད་དང་དཔྱད་ཞིབ་ཚན་ཆུང7བཙུགས་ཏེ་ས་ཁུལ་སོ་སོའི་སྡེ་ཁག་དང་ལས་ཁུངས30ལ་ཡོངས་བསྒྲགས་དཔྱད་ཞིབ་སྔོན་བརྡ་གཏོང་བ་དང་། དཔྱད་ཞིབ་ཚོགས་ཆེན་འཚོགས་པ། དམངས་གཙོའི་ཚད་ལེན་ཚོད་ལྟ་བྱེད་པ། མི་རེ་ཟུང་དང་གླེང་མོལ་བྱེད་པ་བཅས་དང་དེ་བཞིན་ཡུལ་དངོས་སུ་ཐད་ཀར་དྲི་བ་འདྲི་བ་དང་དྲི་ལན(འདྲི་ཤོག་ཚོད་ལྟ)འདེབས་པ། དཔྱད་ཡིིག་ཀློག་པ། ཡུལ་དངོས་སུ་ཟུར་བཤེར་བྱེད་པ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཡུལ་དངོས་སུ་ཚད་ལེན་ཚོད་ལྟ་བྱེད་པ། གནས་ཚུལ་ལན་སློག་སོགས་ཀྱི་གོ་རིམ8གཞིར་བཟུང་ཞིབ་བཤེར་དཔྱད་ཞིབ་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱིས2021ལོའི་ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲིའི་ཞིབ་བཤེར་དཔྱད་ཞིབ་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས།