ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་སྔར་ལས་ལྷག་པར་འོས་འགན་སློབ་གསོ་དུས་སྐབས་ཀྱི་སློབ་མའི་ལས་བྱའི་འགན་ཁུར་དང་སློབ་ཕྱིའི་གསོ་སྦྱོང་འགན་ཁུར་ཇེ་ཡང་དུ་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་ནས《“སྙུང་གཉིས”བསམ་འཆར》ཞེས་བསྡུ་རྒྱུ)གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཉེ་ལམ་སྔར་ལས་ལྷག་པར་འོས་འགན་སློབ་གསོ་དུས་སྐབས་ཀྱི་སློབ་མའི་ལས་བྱའི་འགན་ཁུར་དང་སློབ་ཕྱིའི་གསོ་སྦྱོང་འགན་ཁུར་ཇེ་ཡང་དུ་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ(གཤམ་ནས《བྱེད་ཐབས་འགའ》ཞེས་བསྡུ་རྒྱུ)ཞེས་པ་ཕྱིར་བཏོན། 《བྱེད་ཐབས་འགའ》ཁྱབ་སྒྲོག་བྱས་ཉིན་ནས་ལས་བསྟར་བྱ་རྒྱུ་རེད།
“སྙུང་གཉིས”བྱ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་སྒྲིག་མཛད་པའི་དམངས་འཚོའི་བཟོ་སྐྲུན་ཆེན་མོ་ཞིག་དང་། སྤྱོད་འཛུགས་མི་སྐྱོང་གི་རྩ་བའི་ལས་འགན་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད། མང་ཚོགས་ཀྱི་བྲེལ་མྱུར་ཆེ་བ་དང་དཀའ་ངལ་ལྡན་པ། སེམས་ཁྲེལ་ཆེ་བ། རེ་བ་མོད་པའི་གནད་དོན་ཐག་གཅོད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་ལེགས་ཕྱོགས་སུ་འཕེལ་བར་ཁག་ཐེག་བྱེད་པའི་ལས་འགན་གལ་ཆེན་ཡང་ཡིན། 《“སྙུང་གཉིས”བསམ་འཆར》གྱི་བླང་བྱ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཞིང་ཆེན་སློབ་གསོ་ཐིང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་གྱི་གནས་བབ་དངོས་དང་ཟུང་འབྲེལ་གྱིས《བྱེད་ཐབས་འགའ》གཏན་འབེབས་བཟོས། གཏན་འབེབས་བཟོ་བའི་རྒྱབ་ལྗོངས་དང་། སྤྱིའི་བླང་བྱ་དང་དམིགས་འབེན། ལས་འགན་གཙོ་བོ། རྩ་འཛུགས་ལག་བསྟར་སོགས་ལས་འཕྲོས་ཏེ། སློབ་ཕྱིའི་གསོ་སྦྱོང་འགན་ཁུར་དང་ཁྱིམ་ཚང་སློབ་གསོའི་འགྲོ་སྒོ། ཁྱིམ་བདག་གི་དེ་འབྲེལ་སེམས་ཤུགས་འགན་ཁུར་བཅས་ཇེ་ཡང་དུ་གཏོང་བ་དང་། རང་ཞིང་གི་ཁྱིམ་ཚང་ཁྲི་མ་འབུམ་གྱི་སློབ་གསོའི་ཐོབ་སྣང་དང་སྐྱིད་སྣང་མཐོར་འདེགས་པ། བྱིས་པ་ཐམས་ཅད་བདེ་ཐང་གིས་འཚར་ལོངས་འབྱུང་བ་དང་ཁྱོན་ཡོངས་འཕེལ་རྒྱས་འགྲོ་བ་བཅས་ལ་དམིགས་ཡོད། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
“སྙུང་གཉིས”བྱ་བར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་བྱེད་ཐབས་བཏོན།