མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང(ཁུལ)རྫོང(གྲོང་ཁྱེར་དང་ཆུས)སྲིད་གྲོས་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་། ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)རྫོང(གྲོང་ཁྱེར་དང་ཆུས)སྲིད་གྲོས་ཀྲུའུ་ཞི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་མགོ་བརྩམས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཝུན་ཁུའེ་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད། 

ཀྲང་ཝུན་ཁུའེ་ཡིས་བསྟན་དོན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྦྱོང་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཆབ་སྲིད་རང་འགུལ་རང་བཞིན་དང་བྱེད་སྟངས་རང་འགུལ་ལག་ལེན་བྱེད་པ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་ལག་བསྟར་བྱེད་པའི་དོན་དངོས་དགོས་མཁོ་མཐོར་འདེགས་གཏོང་བ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱིས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བའི་སྐབས་སུ་མཚོ་སྔོན་གྱི་སྤྱི་ཁྱོན་ལ་ཞབས་འདེགས་ཞུ་བའི་བླང་བྱ་ཡིན། གྲོང་ཁྱེར་དང(ཁུལ)རྫོང(གྲོང་ཁྱེར་དང་ཆུས)སྲིད་གྲོས་སྐབས་བརྗེ་རྗེས་སུ། སྲིད་གྲོས་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པར་གཅིག་བསྡུས་གསོ་སྦྱོང་བྱས་ཤིང་། དེ་ནི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ལོ་རེར་གསོ་སྦྱོང་འཆར་གཞིའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། གཞི་རིམ་སྲིད་གྲོས་ཀྱི་མཛུབ་སྟོན་ལ་ཤུགས་སྣོན་དང་། བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་ཤིག་ཡིན། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། གཞུང་ལུགས་གསོ་སྦྱོང་ཟབ་སྤེལ། འགན་འཁྲིའི་འདུ་ཤེས་མཐོར་འདེགས་སུ་བཏང་ནས། དུས་རབས་གསར་བའི་སྲིད་གྲོས་ཀྱི་མི་བཟང་བོ་ཞིག་བྱེད་པ་དང་། དུས་རབས་གསར་བའི་སྲིད་གྲོས་ལས་དོན་ལེགས་པོར་སྒྲུབ་དགོས་ཞེས་བསྟན། 

ཀྲང་ཝུན་ཁུའེ་ཡིས་ནན་གྱིས་བསྟན་དོན། སློབ་མ་ཚོས་རང་འགུལ་གྱིས་སློབ་སྦྱོང་བྱས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་སུ་གཏོང་དགོས། གཙོ་གནད་ཁོང་དུ་ཆུད་པ་དང་། “འཐབ་ཕྱོགས་གཅིག་གྱུར”གྱི་བྱེད་ནུས་དང་པོ་མངོན་ནས།“མཐུན་སྒྲིལ”བརྗོད་དོན་དང་པོ། “སྲིད་གྲོས”ཀྱི་ལས་དོན་དང་པོའི་སྟེང་གསར་གཏོད་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་མི་དམངས་སྲིད་གྲོས་ཀྱི་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ལག་ལེན་ཁྲོད་བསྒྱུར་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། སྲིད་གྲོས་ཀྱི་ཁྱད་ལྡན་བྱེད་ནུས་འདོན་སྤེལ་བྱེད་དགོས། གསོ་སྦྱོང་སློབ་སྦྱོང་གི་གོ་སྐབས་དམ་འཛིན་དང་། དོན་དངོས་ལ་འབྲེལ་འདྲིས་བྱས་ཏེ་སློབ་སྦྱོང་བྱེད་པ། མི་དམངས་སྲིད་གྲོས་ཀྱི་བླ་མེད་སློབ་སྦྱོང་གི་སྲོལ་བཟང་དར་སྤེལ་བྱས་ཏེ། གསོ་སྦྱོང་གི་སྒྲིག་ལམ་བརྩི་སྲུང་བྱེད་པ། སློབ་སྦྱོང་གི་སྲོལ་བཟང་ལེགས་པོ་དང་བླང་བྱ་ནན་མོས་སློབ་སྦྱོང་གསོ་སྦྱོང་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།