མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གཞུང་ལས་ཁང་གི་ཀྲུའུ་རེན་གྲོས་ཚོགས་དང“ཕྱིར་མིག་ལྟ་བའི”བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས2ཉིན། ཞིང་ཆེན་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གྲོས་ཚོགས་དང“ཕྱིར་མིག་ལྟ་བའི”བྱ་བའི་སྐུལ་འདེད་གྲོས་ཚོགས་འཚོགས་ནས། ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ལས་ཁུངས་སོ་སོས་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅོ་ལྔ་པར་ལྟ་སྐུལ་མཛུབ་ཁྲིད་བྱས་པའི་བསམ་འཆར་ཕྱིར་ལྡོག་དག་ཐེར་དོན་འཁྱོལ་དང་སློབ་གསོ་དག་ཐེར་སྐོར་གྱི“ཕྱིར་མིག་ལྟ་བའི”ལས་དོན་ཁག་གཉིས་པ་སྤེལ་བ་ནས་བཟུང་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ཉན་པ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་གཏོང་བའི་ལས་དོན་ཁག་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་དུག་རྒྱུན་གཙང་སེལ་བྱེད་པར“མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི”གནད་འགག་ལས་སྒྲོལ་བར་སྐུལ་འདེད་གཏོང་བར། བསམ་བློ་དང་ཆབ་སྲིད། ལས་དོན། སྤྱོད་ཚུལ། ལམ་ལུགས་སོགས་ཀྱི་ཐད་ནས་མགོ་བརྩམས་ཏེ་རྩད་གཅོད་མཐའ་གསལ་མཐིལ་རྟོགས་བྱེད་པ་དང་། ཕྱོགས་ཡོངས་ནས་ཆབ་སྲིད་ཀྱི་མངོན་མེད་རྐྱེན་ངན་མེད་པ་མཐར་ཕྱིན་པར་བྱེད་པ། ཁུངས་སྣེ་ཞིབ་བཤེར་ལ་སྐུལ་འདེད་བཏང་ནས“གཏིང་ཟབ་ཚད་བརྒལ”ཡོང་བ་བྱེད་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དྲག་འཐབ་བྱེད་ཕོད་པ། རྒྱུན་མཐུན་གྱིས་ནུས་པ་ལྡན་པའི་ཟིལ་གནོན་ཆགས་པར་བྱེད་པ། རྟ་ཁྱུར་གནོད་པའི་རྟ་ངན་མཐའ་གཅིག་ཏུ་གཙང་སེལ་བྱེད་པ། གཅོང་ནད་བཅོམ་ནས“ངོ་བོ”ཚད་བརྒལ་ཡོང་བར་སྐུལ་འདེད་གཏོང་བ། “བརྒྱ་སྟོང་ཁྲིའི”བཅོས་དཀའ་བའི་གཅོང་ནད་ཀྱི་ཁུངས་སྣེར་ཞིབ་བཤེར་དང་བཅའ་ཁྲིམས་དང་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་གྱོད་གཞི་གཅིག་སྡུད་ཀྱིས་དཔྱད་ཞིབ་དང་ཐག་གཅོད་བྱེད་པའི་འགག་སྒྲོལ་བྱ་སྤྱོད་ནན་ཏན་གྱིས་སྤེལ་དགོས། གསོག་འབོར་ཉུང་དུ་གཏོང་བ་དང་། འཕར་ཚད་ཚོད་འཛིན་བྱེད་པ། འགྱུར་ཚད་སྔོན་འགོག་བྱེད་པ་བཅས་ཀྱི་དམིགས་ཚད་བླང་བྱ་མངོན་འགྱུར་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར“གཙོ་གནད”འགག་སྒྲོལ་བྱེད་བར་སྐུལ་འདེད་གཏོང་བ། “གྱོད་གཞི་ལེགས་སྒྲུབ་དང་དཔུང་སྡེའི་སྣེ་ཁྲིད་བཟང་པོ་བྱེད་པ”ཞེས་པའི་གཙོ་གནད་གཉིས་འབུར་དུ་ཐོན་པར་བྱས་ཡོད། སྒྲིག་སྲོལ་གཅིག་འཛུགས་པ་ལས་སྐྱོན་ཆ་གཅིག་གཏན་འགོག་བྱེད་པ་དང་། ལམ་ལུགས་ཁག་ཁག་གཅིག་འཛུགས་པ་ལས་གཅོང་ནད་ཁག་གཅིག་བཅོམ་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།