ཁྲི་འདུ་ཡིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་སྟོབས་ཤུགས་གོང་བུར་བསྒྲིལ་ཏེ་ཁོར་ཡུག་བཅོས་སྐྱོང་གི་སྤུས་ཀ་དང་ཕན་འབྲས་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་གྲོང་གསེབ་དར་སྤེལ་འཐབ་ཇུས་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་མཐོར་འདེགས་གཏོང་བའི་བླང་བྱར་དམིགས་ཏེ། “ཏང་ཨུས་གཅིག་གྱུར་འཆར་འགོད་འཛིན་པ་དང་ཀྲི་པུའུ་ཡིས་འགུལ་སྐྱོད་བྱེད་པ། ཏང་ཡོན་གྱིས་དཔེ་སྟོན་བྱེད་པ། མང་ཚོགས་རྗེས་སུ་བསྙེགས་ཏེ་བསྒྲུབས་པའི”ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ཀྱིས་ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་མཉམ་བཅོས་མཉམ་རོལ་བྱེད་པའི་བྱ་བའི་ནང་རྐྱེན་བཙུགས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཟུང་འབྲེལ་དམ་ཚགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་སྤུས་ཀ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བྱས།

བྱ་བའི་ཁྲོད་ཁྲི་འདུ་རྫོང་གིས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར“ཆུ་ཚད་མཐོ་བའི་སྲུང་སྐྱོབ”དང“སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་དུས་རབས་ཀྱི་དོན་སྙིང་ལ་གོ་བ་བླངས་ཡོད། ལོ་སྟོད་ནས་བཟུང་། ཏང་ཀྲི་པུའུ་སོ་སོས་ཀྲི་པུའུ་ཡི་བརྗོད་དོན་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་བེད་སྤྱོད་སྒོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་ལ་ཟུང་འབྲེལ་བྱེད་པ་དང་། སྐད་འཕྲིན་ཚོགས་པ་ནས་བརྒྱུད་སྤེལ་དང་ཁྱིམ་ཚང་དུ་སོང་ནས་རྒྱུ་ཆ་སྟེར་བ། འགྲེམ་སྟོན་ཤེལ་སྒྲོམ་འཛུགས་པ། སྒྲ་སྒམ་ལས་རྒྱང་སྒྲོག་བྱེད་པ། སྦྱར་ཡིག་དང་འཕྲེད་བྱང་འགེལ་བ་སོགས་ལ་བརྟེན་ནས། བྱེད་ཐབས་མང་པོ་དང་ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་བྱེད་མགོ་བརྩམས་པ་དང་། རྒྱ་ཆེའི་མང་ཚོགས་ལ་སྣེ་ཁྲིད་དེ་ཁོར་སྲུང་འདུ་ཤེས་དང་དཔལ་ཡོན་འདུ་ཤེས། སྤྱི་ཚོགས་ཀུན་སྤྱོད་འདུ་ཤེས་བཅས་སྔར་བས་ཇེ་དྲག་ཏུ་བཏང་སྟེ། རིམ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན། གད་སྙིགས་རིགས་དབྱེ་བྱ་བ་སྔར་ལས་འཐུས་ཚང་དུ་གཏོང་ཆེད། གཞི་རིམ་ཏང་རྩ་འཛུགས་སོ་སོའི་ཧྲུའུ་ཅི་རྫོང་ཡོངས་ཀྱི“ཁོར་ཡུག་བཅོས་སྐྱོང”གི་སྣེ་ཁྲིད་འགུལ་སྐྱོད་གཏིང་ཟབ་སྒོས་དོན་འཁྱོལ་དངོས་འབེབས་བྱེད་པའི་ནང་ཞུགས་ཏེ། གཞི་རིམ་གྱི་སྣེ་ཁྲིད་འཕེལ་རྒྱས་ཀྱི་མིག་དཔེ་བརྩོན་ལེན་བྱེད་པ་དང་། མང་ཚོགས་ཀྱི་འབོད་སྒྲར་ཉན་པ། དམངས་འཚོའི་དགོས་མཁོར་རྒྱུས་ལོན་བྱེད་པ་བཅས་ཀྱིས། མང་ཚོགས་ཀྱིས་ཚུར་སྣང་བྱས་པའི“གནད་དོན་ཞིབ་ཐོ” དེ“ལས་འགན་ཞིབ་ཐོ”རུ་འགྱུར་བར་བྱས། དུས་མཚུངས་སུ། ཡུལ་དངོས་བརྟག་ཞིབ་དང་ཏང་ཡོན་མང་ཚོགས་ཀྱི་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དང་བྱེད་ཐབས་ལ་ཞིབ་འཇུག་གྲོར་བསྡུར་བྱས་ཐོག ཞིབ་ཚགས་ཀྱི་བྱ་བའི་ཇུས་གཞི་བཟོས་པར་མ་ཟད། གནད་དོན་གལ་ཆེན་དུས་ཐོག་ཏུ་སྙན་ཞུ་བྱེད་པ་དང་། ཞིབ་ཕྲ་ཅན་གྱི་དོ་དམ་དང་སྡེ་བའི་འཕྲོད་བསྟེན་འགན་འཁུར་དོ་དམ་སོགས་ལམ་ལུགས་སྣ་ཚོགས་བཙུགས་ནས་འཐུས་ཚང་དུ་བཏང་བ་དང་དངོས་འབེབས་བྱས། ཏང་ཀྲི་པུའུ་རྨང་གཞི་བྱེད་པ་དང་། “ཁྱོན་ཡོངས་སུ་ཁེབས་པའི”ཁུལ་གཅིག་འགན་ལེན་གྱི་ནང་རྐྱེན་ཁྱབ་སྤེལ་བྱེད་པ། དཔེ་སྟོན་སྡེ་བ་གཅིག་གཏན་འཁེལ་བྱེད་པ། “སྣེ་ཁྱོན་ཟུང་འབྲེལ་དང་དཔེ་སྟོན་སྐུལ་སྤེལ། སྔོན་སླ་རྗེས་དཀའ། ཕྱོགས་ཡོངས་སྐུལ་འདེད”བྱེད་པའི་རྩ་དོན་ལྟར། གད་སྙིགས་རིགས་དབྱེ་བྱ་བའི་མཛུབ་སྟོན་དང་ལྟ་ཞིབ་ལྟ་སྐུལ་བྱེད་པར་ཤུགས་བསྣན། དེ་མིན་དཔྱད་ཞིབ་མཇུག་འབྲས་དེ་སྡེ་བ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོའི་ལོ་འཁོར་མོའི་གཟེངས་བསྟོད་དཔྱད་འདེམས་བྱ་བར་སྦྲེལ་ནས། གཅིག་བསྡུས་བཅོས་སྐྱོང་བྱ་བ་དམིགས་སར་ཐོན་པ་དང་དངོས་འབྲས་ལེན་པར་འགན་སྲུང་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།