མཚོ་སྔོན་པོ་རུ་ཆུ་བྱ་ཁྲི18.99ལྟ་ཞིབ་ཚད་ལེན་བྱས་ཤིང་ན་ནིང་གི་དུས་མཉམ་ལས36.5%འཕར་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར། མཚ་ོསྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དགུན་དུས་བསྐོར་བསྐྱོད་ལྟ་ཞིབ་ཚད་ལེན་བྱ་བ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། བསྡོམས་པས་ཆུ་བྱ་རིགས30ཡི་བྱ་ཁྲི18.99ལྟ་ཞིབ་ཚད་ལེན་བྱས་ཤིང་། དེ་ན་ནིང་གི་དུས་མཉམ་ལས36.5%འཕར་ཡོད། དེའི་ནང་བྱ་གག་མཆུ་དམར་དང་བྱ་གག་མགོ་དམར། བྱ་གག་ཁྱུང་མགོ་མ། བྱ་གག་གཤོག་ལྗང་སོགས་བྱ་གག་རིགས་ཀྱི་ལྟ་ཞིབ་ཚད་ལེན་སྤྱི་འབོར་གྱིས85.5%ཟིན་པ་དང་། བྱ་ངང་པ560ལྷག་ཡོད་ལ། དེ་དག་མཚོ་སྔོན་པོའི་འཕའ་ཁུག་ནག་མེར་བརླན་ས་དང་ཧྲིན་ཧི་ཆུ་སྣ། ཆོས་རྗེ་ཆུ་སྣ་བཅས་སུ་ཡོད་པ་དང་། ཟླ་སྔོན་མ་དང་བསྡུར་ན་བྱ410ཇེ་མང་དུ་སོང་ཞིང་ན་ནིང་གི་དུས་མཉམ་ལས་བྱ230ཇེ་མང་དུ་སོང་ཡོད།

1.jpg

ཁྲུང་ཁྲུང་སྐེ་ནག

2.jpg

ངང་པ།

3.jpg

ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་སྐྱ་བོ།

4.jpg

དགུན་དུས་ཀྱི་མཚོ་སྔོན་པོ།

5.jpg

མཚོ་སྔོན་པོའི་ངང་བའི་འབབ་སྡོད་བྱེད་སའི་དཀར་ལའི་བརླན་ས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པོ་ནི་ཨེ་ཤ་ཡ་དབུས་རྒྱུད་ནས་ཧིན་རྡུ་དང་། ཨེ་ཤ་ཡ་ཤར་རྒྱུད་ནས་ཨའོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་ཆུ་བྱ་གནས་སྤོ་བྱེད་པའི་ས་ཚིགས་གལ་ཆེན་དང་མཚོ་བོད་མཐོ་སྒང་གི་ཆུ་བྱའི་དགུན་སྒྲོལ་ས་གཙོ་བོ་ཞིག་ཡིན། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ངང་པ་དེ་ལོ་རེའི་ཟླ9པའི་སྟོད་སྨད་དུ་རྒྱུད་སྤེལ་ས་ཁུལ་དང་ཁ་གྱེས་ནས་མཚོ་སྔོན་པོར་གནས་སྤོ་བྱས་ཏེ་དགུན་སྒྲོལ་བ་དང་། གཅིག་བསྡུས་ངང་མཚོ་སྔོན་པོའི་ནུབ་བྱང་ས་ཁུལ་དུ་འདུས་སྡོད་བྱེད་པ་ཡིན་ལ། ལོ་རྗེས་མའི་ཟླ3པ་ནས་ཟླ4པའི་མགོར་མཚོ་སྔོན་པོ་དང་གྱེས་ནས་རྒྱུད་སྤེལ་ས་ཁུལ་དུ་གནས་སྤོར་བ་ཡིན། གཞན་ལོ་རེར་མཚོ་སྔོན་པོ་རུ་རྒྱུད་སྤེལ་བྱེད་པའི་ཁྲུང་ཁྲུང་མགོ་ཁྲ་དང་ཆུ་སྐྱར་མགོ་ནག ཆུ་སྐྱར། སོ་བྱ་སོགས་ཀྱི་རྒྱུད་སྤེལ་ཁྱུ་ཚོགས་ནི་གོ་ལ་ཧྲིལ་བོའི་རྒྱུད་སྤེལ་ཁྱུ་ཚོགས་ཀྱི30%ལ་སླེབས་ཡོད་པ་དང་། ལོ་རེའི་དཔྱིད་ཀ་དང་སྟོན་ཁ་དུས་ཚིགས་གཉིས་སུ། མཚོ་སྔོན་པོ་བརྒྱུད་ནས་གནས་སྤོ་འབབ་སྡོད་བྱེད་པའི་ཆུ་བྱ་ཁྲི10ཡན་ལ་སླེབས་ཡོད། ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།