མཚོ་སྔོན་ཞིང་ཆེན་གྱིས2021ལོའི་དུས་ཚིགས་སྔ་མ་གསུམ་གྱི་དཔྱད་ཞིབ་ཚད་བསྡུར་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མགོ་ཁྲིད་ཚོགས་པ་དང་མགོ་ཁྲིད་ལས་བྱེད་ཀྱི་ལོ་འཁོར་དམིགས་འབེན་འགན་འཁྲི་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས《2021ལོའི་དུས་ཚིགས་སྔ་མ་གསུམ་གྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁ་ཤས། བཟོ་ལས་གླིང་ཁུལ། རྫོང(གྲོང་ཁྱེར་དང་ས་ཁུལ)བཅས་ཀྱི་དཔྱད་ཞིབ་ཚད་བསྡུར་བྱས་པའི་གནས་ཚུལ་གཙོ་བོ་སྐོར་གྱི་བརྡ་ཁྱབ》(གཤམ་ནས《བརྡ་ཁྱབ》ཅེས་བསྡུ་རྒྱུ)དཔར་འགྲེམ་བྱས། དུས་ཚིགས་སྔ་མ་གསུམ་གྱི་དཔྱད་ཞིབ་ཚད་བསྡུར་བྱས་པའི་གནས་ཚུལ་གཙོ་བོ་གཙོ་གནད་དུ་བཟུང་ནས་རིགས་དབྱེ་ཚན་བཀར་གྱིས་བརྡ་ཁྱབ་བཏང་བ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་བར་ཁྱད་ཡང་དག་པར་འཚོལ་བ་དང་། བྱེད་ཐབས་ཞིབ་ཕྲ་བཟོ་བ། ཚད་བསྡུར་དངོས་འབེབས་བཅས་བྱས་ཏེ། ལོ་མཇུག་གི་གདོང་མཆོང་དུས་སྐབས་ཀྱི་ལས་དོན་འགན་ཁུར་ཁག་སོ་སོ་ནན་ཏན་སྒོས་ལེགས་པར་སྒྲུབ་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་རྩོམ་པའི་ལོ་ལ་འབུར་དུ་དོད་པའི་གྲུབ་འབྲས་སྤྲོད་རྒྱུ་དེ་རེད། 

《བརྡ་ཁྱབ》ལས་བསྟན་དོན། ད་ལོ་ནས་བཟུང་། རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་ཛ་དྲག་ལ་ཁ་གཏད་དེ། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁག་སོ་སོ་དངོས་འབེབས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱིི་དུས་མཚམས་གསར་པར་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་འདྲེས་པ་དང་ཞབས་ཞུ་སྒྲུབ་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ལས་དོན་ཁག་སོ་སོར་གྲུབ་འབྲས་ཕུལ་དུ་བྱུང་བ་ལེན་དགོས། དུས་ཚིགས་སྔ་མ་གསུམ་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་གཟུགས་སླར་གསོའི་གནས་བབ་རྒྱུན་སྲུང་བྱས་ཡོད་པ་དང་། ཐོན་སྐྱེད་དགོས་མཁོ་རིམ་གྱིས་སླར་གསོ་བྱུང་། འཕེལ་རྒྱས་སྒུལ་ནུས་མུ་མཐུད་དུ་གཅིག་བསྡུས་བྱས། དམངས་འཚོའི་འགན་སྲུང་ལ་ནུས་པ་ལྡན་ཞིང་ཕན་ནུས་ཆེ། སྡོད་དམངས་ཀྱི་ཡོང་འབབ་བརྟན་ལྷིང་གིས་འཕར། སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན། ས་ཁུལ་དང་ལས་ཁུངས་མང་པོས་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ། ཇུས་འགོད་ལ་སྤྱི་འདོམས་དང་སྙོམས་སྒྲིག་འོས་འཚམ་བྱས་ཏེ། དཔྱད་ཞིབ་དམིགས་འབེན་ལས་འགན་གྱི་སྔོན་དཔག་མངོན་འགྱུར་བྱས། འོན་ཀྱང་། ས་ཁུལ་དང་ལས་ཁུངས་ཁ་ཤས་ཀྱི་དཔྱད་ཞིབ་དམིགས་འབེན་ལས་འགན་གཙོ་གནད་ཁ་ཤས་ལེགས་འགྲུབ་བྱས་ཚད་སྔོན་དཔག་དང་ད་དུང་བར་ཁྱད་ཆེ་བས། ལོ་འཁོར་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་བར་གནོན་ཤུགས་ཅུང་ཆེ།

《བརྡ་ཁྱབ》ལས། དུས་ཚིགས་བཞི་པ་ནི་ལོ་འཁོར་གྱི་དཔྱད་ཞིབ་དམིགས་འབེན་ལ་གདོང་མཆོང་བྱེད་པའི་བར་གནས་གནད་འགག་ཅིག་ཡིན་ཞིང་། དུས་ཚོད་ཐུང་བ་དང་ལས་འགན་ལྗིད་པ། འགྲན་སློང་མང་བ་བཅས་ཡིན་སྟབས། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁག་སོ་སོ་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱེད་པ་དང་། ལོ་མགོར་གཏན་ལ་ཁེལ་བའི་དམིགས་འབེན་ལས་འགན་དང་ཚད་བསྡུར་དཔེ་བསྡུར་བྱེད་པ། ཡིད་ཆེས་ཆོད་སེམས་སྔར་ལས་བརྟན་པ་དང་། དམིགས་འབེན་ལ་དམ་པོར་དམིགས་པ། དངོས་འབེབས་ནན་གྱིས་འཛིན་པ། ལས་མཁས་ཤིང་འགྲུབ་སླ་བ། ཁྱོན་ཡོངས་ནས་རིམས་ནད་འགོག་སྡོམ་གཙོ་གཞིའི་ལས་འགན་ནན་འཛིན་དངོས་འཛིན་གྱི་རྨང་གཞིའི་སྟེང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སོ་སོ་སྤྱི་འདོམས་སྒོས་ལེགས་པོར་སྒྲུབ་པ། “འགན་སྲུང་དྲུག”བཟུང་ནས“བརྟན་ལྷིང་དྲུག”ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་བརྟན་པ་དང་། སྟོབས་ཤུགས་སྐྱེད་པ། བྱེད་ཐབས་ལེགས་པོ་སྤྱད་ནས། ལོ་འཁོར་གྱི་དམིགས་འབེན་ལས་འགན་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་བཏོན། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།