མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་གིས“1+3”བརྗོད་དོན་གཙོ་བོའི་འགྲེམ་སྟོན་བྱས།

微信图片_20211130094433.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་མཛུབ་ཁྲིད་འོག མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཐབ་ཇུས་དང་བསྟུན་ནས། “རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ”འཛུགས་པར་རོགས་འདེགས་བྱས་ཏེ་ཧུར་ཐག་གིས་རྟེན་རྫས་བཤམས་སྟོན་ཁང་གི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐོར་འདེགས་སུ་བཏང་། ཟླ11པའི་ཚེས29ཉིན། རྩ་འཛུགས་དང་ཇུས་འགོད་ཞིབ་ཚགས་བྱས་པའི《མཚོ་སྔོན་གྱི་ལོ་རྒྱུས་རིག་དངོས་འགྲེམ་སྟོན》གཙོ་བོ་དང་།《མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྤུས་དག་འགྲེམ་སྟོན》དང་།《མཚོ་སྔོན་གྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་འགྲེམ་སྟོན》《ལོ་བརྒྱའི་མཚོ་སྔོན་གྱི་གསར་བརྗེའི་རིག་དངོས་དཀར་ཆག་འགྲེམ་སྟོན》བཅས་ཕལ་པར་བཞག་པའི“1+3”བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱས། དེའི་ཁྲོད་ཀྱི2018ལོའི་ཤེའུ་ཨང་རྟགས་དང་པོའི་བང་སོའི་གནའ་རྫས་རྟོག་ཞིབ་དང་ས་འོག་ནས་ཐོན་པའི་རིག་དངོས་ཐོག་མར་འགྲེམ་སྟོན་བྱས་པ་རེད།

“མཚོ་སྔོན་གྱི་ལོ་རྒྱུས་རིག་དངོས་འགྲེམ་སྟོན”གྱིས་གནའ་བོའི་མཚོ་སྔོན་མངའ་ཁོངས་ཀྱི་ཆའང་གི་དབུས་ལམ་དང་། ཐུའུ་ཡུའུ་ཧོན་གནའ་ལམ། ཐང་བོད་གནའ་ལམ། ཆིན་ཐང་གནའ་ལམ། ཇ་རྟའི་གནའ་ལམ་བཅས་ཀྱི་འགྲིམ་འགྲུལ་ནུས་པ་དང་ལོ་རྒྱུས་ཉམས་འགྱུར་ཇི་མ་ཇི་བཞིན་སླར་ཡང་མངོན་པར་བྱས་ཤིང་། “མཚོ་སྔོན་གྱི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་འགྲེམ་སྟོན”གྱིས་མཚོ་སྔོན་གྱི་གནའ་རྫས་རྟོག་ཞིབ་བརྒྱུད་རིམ་ཁྲོད་ཀྱི་མཚོན་བྱེད་རང་བཞིན་ཆེས་ཆེར་ལྡན་པའི་དཔེ་མཚོན་གནའ་ཤུལ་གཅིག་སྡུད་ཀྱིས་འགྲེམ་སྟོན་དང་། “མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྤུས་དག་འགྲེམ་སྟོན”དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་ཐོ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་སྐོར་ལྔ་བའི་ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་མིང་གཞུང་ནང་ཚུད་ཡོད་ལ། འགྲེམ་དངོས་ཆ་ཚང190(སྣ640)ཡི་དངོས་རྫས་འགྲེམ་སྟོན་བྱས་པས། “ལོ་བརྒྱའི་རིང་གི་མཚོ་སྔོན་གྱི་གསར་བརྗེའི་རིག་དངོས་ཀྱི་དཀར་ཆག་འགྲེམ་སྟོན”བྱས་པ་དེས། མཚོ་སྔོན་ཞིང་ཆེན་གྱིས་ཡོངས་བསྒྲགས་བྱས་པའི་གསར་བརྗེའི་རིག་དངོས་ཁག་དང་པོའི་མིང་གཞུང་ལ་བརྟེན་ནས་གསར་བརྗེའི་རིག་གནས་དགོངས་དོན་མ་ལག་སྔོག་འདོན་གཏིང་ཟབ་བྱས་པ་རེད།

ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་གིས་ད་དུང་རྩ་གསུམ་དཔེ་དབྱིབས་དང་། ARཆེར་བསྐྱེད་དངོས་ཡོད་ལག་རྩལ། འགུལ་རིས་ཀྱིས་རྣམ་པ་སོར་ལོག་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས། བྱིང་བའི་རྣམ་པའི5Gཉམས་ལེན་ཁུལ་དང་ལོ་རྒྱུས་ཉམས་ལེན་ཁུལ་བཙུགས་ནས། ལྟད་མོ་བས་ལྟ་འདོད་རུང་ཡུལ་དངོས་སུ་ལྟ་ཐུབ་མེད་པའི་དངོས་ཡོད་དགོས་མཁོ་སྐོང་གང་ཐུབ་བྱས་པ་རེད།

ཤེས་གསལ་ལྟར་ན། ཟླ11པའི་ཚེས30ཉིན་ནས་བཟུང་། ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེ་རྒྱུ་དང་། གཟའ་མིག་དམར་ནས་གཟའ་ཉི་མའི་བར་སྒོ་ཕྱེས་པ་དང་གཟའ་ཟླ་བར་སྒོ་རྒྱག་གི་རེད། ལྟ་སྐོར་བ་ཚོས་དྲ་ཐོག་ནས་སྔོན་མངགས་བྱེད་དགོས་པ་དང་། ཐོབ་ཐང་ལག་ཁྱེར་དང་དེ་བཞིན་བདེ་ཐང་བཤེར་རིས་དང་ལམ་ཐིག་བཤེར་རིས་ལ་བརྟེན་ནས་ལྟ་སྐོར་བྱས་ཆོག་ལ། མིག་སྔར་ཉིན་རེར་ལྟ་སྐོར་བྱེད་པའི་མི་གྲངས300ལས་མི་བརྒལ་བར་ཚོད་འཛིན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།