མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞིའི་འགྲེལ་ཚིག་ཞིབ་བཤེར་བྱ་བ་ཚད་ལྡན་དུ་གཏོང་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས《ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞིའི་འགྲེལ་ཚིག་ཞིབ་བཤེར་བྱ་བའི་བྱེད་ཐབས》དཔར་འགྲེམ་བྱས་ཏེ། རང་ཞིང་གི་རིམ་པ་སོ་སོའི་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞིའི་འགྲེལ་ཚིག་ལ་ཁྱོན་ཡོངས་ནས་རྩད་ཞིབ་དང་ཞིབ་བཤེར་ཚད་ལྡན། དེ་མིན་ཡི་གེའི་ནང་དོན་ཡང་དག་མིན་པ་དང་། ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ལེགས་བཅོས་བྱས་ནས། འགྲེལ་ཚིག་གི་ཆབ་སྲིད་ཁ་ཕྱོགས་ཡང་དག་དང་། དཔྱད་འཇོག་ཚད་ལྡན་ཡིན་པ། ལོ་རྒྱུས་ཡང་དག་ཡོང་བར་ཁག་ཐེག་བྱས།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་འགྲེལ་ཚིག་ཚད་ལྡན་ཞིབ་བཤེར་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིང་། ཞིང་ཆེན་རིག་རྫས་ཅུའུ་བཅས་ཁོངས་མི་ལས་ཁུངས་སུ་གཏན་འཁེལ་བྱས་ཏེ། ཁོངས་མི་ལས་ཁུངས་སོ་སོས་ཆེད་མཁས་ཚན་ཆུང་སྐོང་འཐེན་བྱས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་གསར་བརྗེའི་ལོ་རྒྱུས་དང་རྗེས་དྲན་ཁང་གི་རིགས་ལ་འགན་ཁུར་བ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་རིག་གནས་དང་འབྲེལ་བར་འགན་ཁུར་བ་དང་། ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་ལས་དོན་ཐིང་གིས་སྔོན་གཤེགས་དཔའ་བོའི་རྗེས་དྲན་སྒྲིག་ཆས་དང་འབྲེལ་བ་ཡོད་པར་འགན་ཁུར་བ། ཞིང་ཆེན་རིག་རྫས་ཅུའུ་ཡིས་དངོས་མང་བཤམས་སྟོན་ཁང་རིགས་འགན་ཁུར་ནས་རིམ་པ་སོ་སོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་འགྲེལ་ཚིག་ལ་ཞིབ་བཤེར་ཚད་ལྡན་དུ་བཏང་། 

འགྲེལ་ཚིག་ཞིབ་བཤེར་བྱ་བར་ཐོག་མའི་ཞིབ་བཤེར་དང་། བསྐྱར་ཞིབ། མཇུག་མཐའི་ཞིབ་བཤེར་བཅས་རིམ་པ་གསུམ་དུ་བགོས་ཡོད་ཅིང་། 2021ལོའི་ཟླ11པའི་ཚེས22ཉིན་དངོས་སུ་མགོ་བརྩམས་པ་དང་། 2022ལོའི་ཟླ2པའི་ཚེས28ཉིན་མཇུག་སྒྲིལ་རྒྱུ་རེད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།