ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅའེ་ཞང་གིས་ཟི་ལིང་དུ་ཀྲུང་གོའི་འབྲི་ཆུ་སན་ཞྭ་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ལིུ་ཐིན་ཡན་དང་། ཀྲུང་གོའི་ཧྭ་ནུན་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ལི་ཧྥུའུ་མིན། ཀྲུང་གོའི་ཏ་ཐང་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཧྲི་ཅ་ལིན། ཧྭ་རོན་གློག་ཤུགས་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚེ་ཧྲི་པའོ་ཧྥུན་འཁོར་དང་བཅས་པར་ཐུག་འཕྲད་བྱས།
ལི་ཅའེ་ཞང་གིས་ཁེ་ལས་སོ་སོའི་འགན་ཁུར་བ“རྒྱུད་གཅིག་ལམ་གཅིག”ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་སུ་ཞུགས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། དེང་སྐབས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གསུམ་པའི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་ལ་དམིགས་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་གསར་སྐྲུན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མདུན་ལྗོངས་སྔར་ལས་ཡངས་ཤིང་། སྒུལ་ཤུགས་ཆེ། རེ་བར་ཀྲུང་དབྱང་ཁེ་ལས་སོ་སོས་ཚད་གཞི་མཐོ་བ་དང་།རྒྱུན་མཐུད་དང་དམངས་འཚོར་ཕན་པ་དམིགས་འབེན་དུ་བྱས་ནས། ཐོན་ལས་སྦྲེལ་མཐུད་དང་ལག་རྩལ་འཇོན་མིའི་དགེ་མཚན་འདོན་སྤེལ་བྱས་ཏེ། ནུས་ཁུངས་གཙང་མའི་གློག་དྲ་དང་གསོག་ཉར་ནུས་ཁུངས། དྲོད་འདོན། སྐྱེ་ཁམས་ཁོར་སྲུང་སོགས་ཁྱབ་ཁོངས་སུ་དམིགས་ཏེ། མཉམ་ལས་བར་སྟོང་རྒྱ་བསྐྱེད། མཉམ་ལས་ཕན་འབྲས་རྒྱ་བསྐྱེད་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་བཟོ་སྐྲུན་གསར་སྐྲུན་བྱས་ཏེ། མཉམ་སྐྲུན་མཉམ་སྤྱོད། མཉམ་རྒྱལ་མངོན་འགྱུར་བྱེད་དགོས་པར་བསྟན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ལི་ཅེ་ཞང་གིས་སྔ་གཞུག་ཏུ་ལུའི་ཐིན་ཡན་དང་ལི་ཧྥུའུ་མིན། ཧྲི་ཅ་ལིན། ཧྲི་པའོ་ཧྥིན་འཁོར་དང་བཅས་པར་མཇལ་འཕྲད་གནང་།