ཀྲང་ཞའོ་རུང་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་སྒུལ་ཤུགས་ཆེན་པོས་གྲོང་གསེབ་དར་སྤེལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས24ནས25ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲང་ཞའོ་རུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལེན་རྫོང་གྲོང་གསེབ་དར་སྤེལ་གྱི་འབྲེལ་གཏུག་ས་ཚིགས་སུ་ཕྱིན་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་དང་གྲོང་གསེབ་དར་སྤེལ་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཀྲང་ཞའོ་རུང་སྔ་རྗེས་སུ་ཝུའུ་ལེན་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་དང་། ཐོང་ཕུའུ་གྲོང་རྡལ་ཏུའུ་ལན་ཧོ་གྲོང་ཚོ། ཞིས་ལི་ཀུག་གྲོང་རྡལ་ཧུ་ཏུང་གྲོང་ཚོ་སོགས་སུ་ཕྱིན་ནས། གྲོང་གསེབ་ཡུལ་སྐོར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་། ཞིས་ལི་ཀུག་གྲོང་རྡལ་ཧུ་ཏུང་གྲོང་ཚོ་རུ་ཀྲང་ཞའོ་རུང་གིས་རྫོང་དང་གྲོང་རྡལ། གྲོང་ཚོ་བཅས་རིམ་གསུམ་ཏང་ཡོན་ལས་བྱེད་པ་དང་བཞུགས་མོལ་གནང་བ་དང་སྦྲགས་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་གསན་ནས། ཝུའུ་ལེན་རྫོང་དུ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དེ་ལ་སློབ་སྦྱོང་གཏིང་ཟབ་དང་། གོ་བ་ཞིབ་ཚགས། ཟུང་འབྲེལ་གཞན་སྒྱུར་བཅས་ཀྱི་ཐད་འབད་བརྩོན་བྱེད་པ་དང་། ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་འཛིན་པ། འབད་འཐབ་ཀྱི་སྟོབས་ཤུགས་ལེན་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་སྒུལ་ཤུགས་ཆེན་པོ་བཅས་ཀྱི་སྟེང་ནས་གྲོང་གསེབ་དར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཟུང་འབྲེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ནན་ཏན་གྱིས་དོན་འཁྱོལ་ནན་ཏན་བྱས་ཏེ། “གཙོ་གནད་བཞི”མཐའ་འཁྱོངས་དང་། སྔོན་དཔག་ཉེན་བརྡར་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་པ། ཡང་བསྐྱར་དབུལ་པོར་འགྱུར་བའི་མ་མཐའི་ཚད་ཐིག་བརྟན་སྲུང་བཅས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་གཏོང་དགོས། རྫོང་དང་ཤང་གི་ཐོན་ཁུངས་ཀྱི་སྤུས་ཚད་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱེད་པ་མཐའ་འཁྱོངས་དང་། ཆེད་ལས་མཉམ་ལས་ཁང་སྟོབས་ཆེར་གཏོང་བ་ལ་རོགས་སྐྱོར་བྱེད་པ་གཞི་རྟེན་དུ་འཛིན་པ། གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་བར་འགན་ལེན་བཅས་བྱས་ཏེ་གྲོང་གསེབ་དར་སྤེལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།