མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་གཉིས་ཀྱིས་མཉམ་ལས་གྲོས་མཐུན་བཞག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་ཞིང་ཆེན་གནམ་གཤིས་ཅུའུ་གཉིས་ཀྱིས《མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཐུན་མོང་སྒོས་སྐུལ་འདེད་གཏོང་བའི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་དེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར། སྔོན་སྐྱོད་ཁུལ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་སྔར་བས་གཏིང་ཟབ་གཏོང་འཆར་ཡོད་པ་རེད།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་གཉིས་ཀྱིས་མཉམ་ལས་མཉམ་སྐྲུན་བྱེད་པར་ནང་དོན་གཙོ་བོ་གཉིས་ཚུད་ཡོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པའི་ལས་དོན་ཐད་ཕྱོགས་གཉིས་པོས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་ཚད་ལ་གཞིགས་ཏེ། དྲོད་ཁང་གི་རླངས་གཟུགས་དང་ཐཱན་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལས་དོན་ཐད་ཡུན་རིང་མཉམ་ལས་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས། གནམ་གཤིས་འགྱུར་ལྡོག་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་སོགས་ཀྱི་ཆེད་དོན་སྙན་ཞུ་ཐུན་མོང་སྒོས་ཡོངས་བསྒྲགས་བྱེད་པ། གྲང་འཁྱག་ས་ཁུལ་གྱི་འགྱུར་ལྡོག་སྔོན་འགོག་དང་སྲུང་སྐྱོང་ལས་དོན་མཉམ་སྦྲེལ་སྒོས་སྤེལ་ཏེ་འཁྱགས་རོམ་དང་། འཁྱག་ས། གངས་ཐིག་སོགས་གཙོ་བོར་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་གྲང་འཁྱག་ཁུལ་གྱི་ཕྱོགས་བསྡུས་སྐྱེ་ཁམས་དང་གནམ་གཤིས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་བ་བཙུགས་ནས། ཐུན་མོང་སྒོས་གདེང་འཇོག་ཁུལ་གྱི་སྐྱེ་ཁམས་ཀྱི་རྩ་བའི་གནས་ཚུལ་ལ་བརྟག་དཔྱད་དང་མིའི་རིགས་ཀྱི་བྱེད་སྒོར་རྒྱང་ཚོར་ལྟ་ཞིབ་ཚད་ལེན། གྲང་འཁྱག་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་སོགས་ཀྱི་ཆེད་དོན་སྙན་ཞུ་ཡོངས་བསྒྲགས་བྱེད་པ། རང་ཞིང་གི་སྐྱེ་ཁམས་ནུས་པའི་ངེས་གནས་ལ་དམིགས་ཏེ་སྐྱེ་ཁམས་ནུས་པའི་ས་ཁུལ་གཙོ་བོའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཚུལ་ལ་དཔྱད་དཔོག་བྱེད་ཐབས་དང་ལག་རྩལ་ཞིབ་འཇུག་ལ་ཤུགས་སྣོན། གནམ་གཤིས་འགྱུར་ལྡོག་གི་འཚམ་ནུས་རང་བཞིན་དང་ཉམས་ཞན་རང་བཞིན་གྱི་དཔྱད་དཔོག་གཙོ་གནད་དུ་འཛིན་པ། མཚོ་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ལ་འཚམ་པའི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་སོགས་ལ་དམིགས་ནས། ཐུན་མོང་སྒོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པའི་གནམ་གཤིས་དཔེ་སྟོན་ཞིང་ཆེན་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་རེད།

གཞན་ཡང་ཕྱོགས་གཉིས་པོས་ད་དུང་ཚན་རྩལ་རྣམ་གྲངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།