ཞིན་ཁྲང་ཞིང་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནོར་དཔལ་འཕྲིན་ལམ་གྱི《གླེང་མོལ》ལེ་ཚན་གྱི་བཅར་འདྲི་དང་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས27ཉིན། “རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་སྐབས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཀྲུང་དབྱང་བརྙན་འཕྲིན་ནོར་དཔལ་འཕྲིན་ལམ་གྱི《གླེང་མོལ》ལེ་ཚན་གྱི་བཅར་འདྲི་དང་ལེན་བྱས་ནས། “མཚོ་སྔོན་གྱིས་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་ཇི་ལྟར་གཏོད་པ”དང་འབྲེལ་ནས། ཆེད་མཁས་པ་དང་ཁེ་ལས་པ་བཅས་ཀྱིས་མཉམ་དུ་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་མདུན་ལྗོངས་གླེང་མོལ་བྱས་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་ཚུད་པའི་ས་ཁུལ་བཞི་མགྱོགས་མྱུར་གྱིས་འཛུགས་སྐྲུན་དང་གསར་གཏོད་བྱེད་དགོས་པ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅིས་གནད་ལ་འཁེལ་བའི་སྒོ་ནས་མཚོ་སྔོན་གྱི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་བརྟག་དཔྱད་བྱས་པ་ཞིག་ཡིན་ལ། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཟོས་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་ཞིག་ཀྱང་ཡིན། “ལེ་ཚན་ཡུལ་དངོས་སུ། ཞིན་ཁྲང་ཞིང་གིས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐཱན་རྩེར་སོན་དང་གལ་ཆེའི་སྐོར་གྱི་རྣམ་བཤད་ལ་ཇི་ལྟར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། མཚོ་སྔོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྟོག་ཞིབ་བྱ་རྒྱུར་དམིགས་ཏེ། མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཀྱི་ལག་ལེན་མང་པོ་ཞིག་ངོ་སྤྲོད་བྱས་ཤིང་། མཚོ་སྔོན་གྱིས་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་པའི་ལེགས་ཆ་དང་འགྲན་སློང་དང་། དགོས་མཁོ་དང་ཐུབ་མིན། དམིགས་ཚད་དང་ལས་འགན་བཅས་རྒྱས་བཤད་བྱས། དེ་དང་ཆབས་ཅིག་མགོ་འཛིན་པ་དང་། ཆེད་མཁས་པ།  ཁེ་ལས་པ། ཡུལ་དངོས་ལྟད་མོ་བ་བཅས་དང་གླེང་མོལ་བྱས་ཏེ། “ཐཱན་གཉིས”ཀྱི་དམིགས་ཚད་འོག་གི་ནུས་ཁུངས་འཕོ་འགྱུར་དང་། ནུས་ཁུངས་གཙང་མའི་ཐོན་ལས་བཀོད་སྒྲིག ཐོན་ལས་ཀྱི་མཐོ་ས་དེ་མ་འཇོག་གི་མཐོ་སར་ཇི་ལྟར་བསྒྱུར་བ། ཐོན་ལས་འཕེལ་རྒྱས་ཀྱིས་དམངས་འཚོ་ལེགས་བཅོས་དང་སྐྱེ་ཁམས་ཕན་འབྲས་བཏོད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་རིམ་པ་མང་བ་དང་ཟུར་ཚད་མང་བའི་སྒོ་ནས་གྲོས་བསྡུར་བྱས་པ་མ་ཟད། རྒྱ་ཆེའི་མ་རྐང་འཇོག་མཁན་གདན་ཞུ་བྱས་ནས་ཚང་མས་ཧུར་ཐག་གིས་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ནང་ཞུགས་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་བ་དང་། ངོ་མཚར་བའི་གཏམ་བཤད་དང་གླེང་མོལ་ལ་ཡུལ་དངོས་ལྟད་མོ་བས་དགའ་བསུ་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།