ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས“མང་ཚོགས་ལ་དོན་དངོས་སྒྲུབ་པ་སེམས་ལ་འཛིན་པ་དང་། ལས་སྣེ་ལ་རྐང་བཙུགས་ཏེ་བྱས་རྗེས་འཇོག་པའི”བརྗོད་གཞི་གཙོ་བོ་དང་སྐུད་སྣེ་གཙོ་བོར་དམ་དུ་སྦྲེལ་ཏེ། སློབ་པ་དང་ལག་ལེན། མཉམ་འདྲེས། གཟབ་ནན་བཅས་ཚད་གཞིར་བཟུང་ནས། མང་ཚོགས་ལ་དོན་དངོས་སྒྲུབ་པའི་ཕན་འབྲས་དེ་རྩ་འཛུགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་ཡོད་གྲུབ་འབྲས་སུ་སྒྱུར་བར་ཤུགས་བསྣན་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དངོས་གཉེར་ཐུབ་པར་ངེས་པ་དོན་གྱིས་སྐུལ་འདེད་བཏང་།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཆར་གཞིའི་གྲས་སུ་བཞག་པ་དང་། སྐོར་དང་རིམ་པ་བགོས་ནས་མགོ་ཁྲིད་ལས་བྱེད་པའི་ལས་གཉེར་ནུས་པ་མཐོར་འདེགས་པའི་གསོ་སྦྱོང་འཛིན་གྲྭ་དང་། བསྐོ་བརྗེ་རྗེས་ཀྱི་སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ། “ཏང་ཡོན་ཏང་གི་སློབ་གྲྭར་བསྐྱོད་པའི”རེས་སྐོར་འཛིན་གྲྭ་སོགས་ཀྱི་གསོ་སྦྱོང་སྤེལ། “ངས་ནི་དམངས་ལ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་སྤེལ་བ་ཏང་གི་སློབ་སྦྱོང་སློབ་གསོ་སྤེལ་བའི་ནང་དོན་གཙོ་བོར་འཛིན་རྒྱུ་ཡིན་པ་དང་། མང་ཚོགས་ཀྱི“སེམས་ན་ས་དང་། དཀའ་ཁག་ཆེ་ས། འགག་དོག་ས”བཅས་ཀྱི་གནད་དོན་ངེས་པ་དོན་གྱིས་ཐག་གཅོད་རྒྱུ་རེད། “ཀྲི་པུའུ་གཅིག་ནི་ཚོང་རྟགས་གཅིག་ཡིན་པ་དང་། སྡེ་ཁག་གཅིག་ནི་ཁྱད་ཆོས་གཅིག་ཡིན་པའི”གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་ཀྲི་པུའུ་སོ་སོས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མགྲོན་ཁང་གི་ཞབས་ཞུ་པ”ལྟ་བུར་བརྩོན་ལེན་བྱེད་པ། རིམ་རྩིས་ལྟར་ན་མང་ཚོགས་ཀྱི“བྲེལ་འཚུལ་དང་། དཀའ་ཁག སེམས་ཁྲལ། རེ་བཞག”བཅས་ལྡན་པའི་གནད་དོན370ལྷག་ཐག་གཅོད་བྱས། དམངས་འཚོའི་བཟོ་སྐྲུན་ཆེན་མོ་བཅུ་བརྟན་ལྷིང་དངོས་གསུམ་གྱིས་སྐུལ་འདེད་བྱེད་སྒང་ཡིན་ལ། ཏང་སྲིད་ཏང་འཛུགས་ཀྱི་རྣམ་པ་གསར་པ་དང་དཔུང་ཁག་གི་གནས་སྟངས་གསར་པ་ཆགས་ཡོད།
གཞི་རིམ་ཏང་འཛུགས་སྐྱོང་དང་དཔལ་འབྱོར་ལས་དོན་མཉམ་འདྲེས་མཉམ་སྐུལ་རྒྱུན་འཁྱོངས་དང་། “ཐོན་ལས་ཆེན་མོ་བཞི”དང་། ཁྱད་ལྡན་ཐོན་ལས་སྦྲེལ་ཕྲེང་། ཐོན་ལས་མཐུན་ཚོགས་ཀྱི་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། གཞི་རིམ་གྱི་འཐབ་འཛིང་བཙན་རྫོང་སྟོབས་ལྡན་དུ་སྐྲུན་པར་ཤུགས་འདོན་པ། ཏང་ཡོན་གྱིས་གདོང་མཆོང་དཔེ་སྟོན་ནུས་པ་འདོན་པ། ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ཀྱི“ཀ་བཞི་གདུང་བརྒྱད”འཛུགས་པ། བརྒྱུད་ལམ་མང་པོ་དང་རིམ་པ་མང་པོས་སྡེ་བའི་ཐུན་མོང་དཔལ་འབྱོར་ཚད་ལྡན་ཅན་གྱི་དོ་དམ་འཁོར་སྐྱོད་བྱེད་པར་ནུས་པ་སྤྲོད་པ། རྫོང་ཁོངས་ཡོངས་སུ་སྡེ་བའི་ཐུན་མོང་དཔལ་འབྱོར་ཚོགས་པ75ཡི་རིམ་རྩིས་ཡོང་འབབ་སྒོར་ཁྲི2672བྱུང་། “འདྲི་རྩད་ཆེན་མོ་དང་། གྲལ་བཤེར་ཆེན་མོ། བརྟག་དཔྱད་ཆེན་མོའི”་བྱ་བ་གཏིང་ཟབ་ཏུ་སྤེལ་བ། སྡེ་བ་རིམ་པའི་མགོ་ཁྲིད་ཚོགས་པར་འདྲི་རྩད་བྱས་ཏེ་འཕེལ་རྒྱས་རིགས་ལམ་འདྲི་བ་དང་། ཏང་ཡོན་མང་ཚོགས་ལ་འདྲི་རྩད་བྱས་ཏེ་རེ་བ་དང་དགོས་མཁོ་འདྲི་བ། ལས་སྒོ་གསར་འབྱེད་ཀྱི་འཇོན་མི་ལ་འདྲི་རྩད་བྱས་ཏེ་ཕྱུག་འགྱུར་ཉམས་མྱོང་འདྲི་བ་བཅས་ཀྱི་བྱ་འགུལ་སྤེལ་བ། བསམ་འཆར་གྲོས་གཞི40ལྷག་བསྡུས་པ་དང་། ལས་སྒོ་བྱེད་ནུས་དང་མཛུབ་སྟོན་ཁྱབ་ཁོངས་ལ་དམིགས་ཏེ། ཏང་ཡོན་ལས་བྱེད་པ་དང་། འཇོན་མིའི་དཔུང་ཁག གཞི་རིམ་མང་ཚོགས་བཅས་ལ་དོན་དངོས30ལྷག་བསྒྲུབས། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
ཀོས་ནན་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དངོས་གཉེར་ལ་ངེས་པ་དོན་གྱིས་སྐུལ་འདེད་བཏང་།