ཉིས་སྟོང་ཉེར་གཅིག་ལོའི་བརྒྱུད་གཅིག་ལམ་གཅིག་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གླེང་སྟེགས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས27ཉིན། ཉིས་སྟོང་ཉེར་གཅིག་ལོའི་བརྒྱུད་གཅིག་ལམ་གཅིག་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གླེང་སྟེགས་ཟི་ལིང་ནས་སྤེལ། 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབས་བྱས་ཤིང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་གནས་གསར་བསྐྲུན་བྱེད་པ་བརྗོད་སྙིང་ཡིན་པའི་ཉིས་སྟོང་ཉེར་གཅིག་ལོའི་བརྒྱུད་གཅིག་ལམ་གཅིག་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གླེང་སྟེགས་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་ཟི་ལིང་ནས་སྤེལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཏེན་ཀྲུང་ལིས་ཀྱིས་ཞུ་ཚིག་ཕུལ་ཏེ་གླེང་སྟེགས་མགོ་བརྩམས་པ་ཁྱབ་སྒྲོག་བྱས། རྒྱལ་ཁབ་ཀྱི་ནུས་ཁུངས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཀྲང་ཅན་ཧྭ་ཡིས་བརྙན་རིས་བརྒྱུད་དེ་ཞུ་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྱིས་ཞུ་ཚིག་ཕུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་མཱ་ཅན་ཐང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གཏམ་བཤད་གལ་ཆེན་སྤེལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས། 

ཏེན་ཀྲུང་ལིས་ཀྱིས་བསྟན་དོན། ཐོན་ཁུངས་ནུས་ཁུངས་ནི་སྔར་བཞིན་མ་འོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་ཞིང་། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནུས་ཁུངས་བྱ་བ་བཟང་བོར་བསྒྲུབས་པར་དུས་ལྟར་ཡང་དག་པར་རྒྱལ་ཁབ་ཕྱི་ནང་གི་ནུས་ཁུངས་འཕེལ་རྒྱས་གནས་བབ་ལ་བརྡར་གཅོད་བྱེད་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་ཁུངས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱས་ཏེ། ཧུར་ཐག་སྒོས་ཉམས་ཉེན་ཁྲོད་ནས་གོ་སྐབས་འཚོལ་བ་དང་འགྱུར་ལྡོག་ཁྲོད་ནས་རྣམ་པ་གསར་བ་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོར་བསྟན་ནས་ཇུས་གཞི་གསར་འདོན་བྱས་ཡོད་པས། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡང་དག་པར་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་གནས་གསར་བསྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞི་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བསྩལ་བའི་གཟི་བརྗིད་ལས་འགན་ཡོངས་འགྲུབ་བྱེད་དགོས། མཚོ་སྔོན་གྱི་གནས་ཚུལ་ལ་རྐང་བཙུགས་ནས་དཔེ་སྟོན་ཆགས་པར་བྱེད་དགོས། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་དམིགས་ནས་དག་གཙང་ནུས་ཁུངས་ཀྱི་གཞི་རྒྱ་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། དྲ་རྒྱ་ཡོངས་ལ་ཁེབས་པའི་ལྷད་མེད་གློག་འདོན་དཔེ་སྟོན་འགུལ་སྐྱོད་ཇེ་ཟབ་ཏུ་བཏང་ནས་འགྱུར་རྡོའི་ནུས་ཁུངས་ཀྱི་འཛད་སྤྱོད་ཇེ་ཉུང་དུ་གཏོང་བའི་ཚབ་བྱེད་འགུལ་སྐྱོད་སྤེལ་བར་སྐུལ་འདེད་གཏོང་དགོས།

ཀྲང་ཅན་ཧྭ་ཡིས་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཚབ་བྱས་ཏེ་གླེང་སྟེགས་སྤེལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་ནི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་འགན་འཁྲི་ཡིན་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་ལ། ཤུགས་ཆེན་པོས་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ་ནི་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཡིན་པས། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་འགྱུར་ལྡོག་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཡོངས་ཁྱབ་ཀྱི་བརྒྱུད་རིམ་དང་གཅིག་གྱུར་འགུལ་སྐྱོད་དུ་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་གྲོས་ཚོགས་གལ་ཆེན་མང་བོ་དང་ཚོགས་ར་གལ་ཆེན་མང་བོ་ནས་སྤེལ་བའི་གསུང་བཤད་གལ་ཆེན་ལས་ང་ཚོས་ཤུགས་ཆེན་པོས་དག་གཙང་ནུས་ཁུངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཁ་ཕྱོགས་བསྟན་ནས་སྲུང་བྱ་འདོན་སྤྲོད་བྱས་ཡོད། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། གསར་སྤེལ་འཛུགས་སྐྲུན་བྱེད་པར་ཆ་རྐྱེན་ལེགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བྱས་ཏེ་ས་ཁོངས་ཀྱི་ཐོན་ཁུངས་ཁྱད་སྟོབས་འདོན་སྤེལ་གང་ལས་བྱས་ནས། དག་གཙང་ནུས་ཁུངས་ཀྱི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ་གྲུབ་འབྲས་མངོན་གསལ་ཐོབ་པས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ཡོད། རྒྱལ་ཁབ་ནུས་ཁུངས་ཅུའུ་དང་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཉམ་དུ་ཞིང་ཆེན་དང་པུའུ་ཡི་མཉམ་འཛུགས་བྱ་བའི་རྐྱེན་སྲོལ་བཙུགས་ཏེ། མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་དཔེ་སྟོན་དང་མ་དཔེ་གསར་བསྐྲུན་བྱེད་པར་རོགས་འདེགས་བྱས་ཡོད། ཐེངས་འདིའི་གླེང་སྟེགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབ་བྱས་ནས། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ཟེར། 

ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་དག་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཁོས་བཤད་རྒྱུར། སྐབས་འདིའི་བརྒྱུད་གཅིག་ལམ་གཅིག་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་གླེང་སྟེགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་གཏམ་བཤད་གལ་ཆེན་སྤེལ་བའི་བྱེ་བྲག་གི་འགུལ་སྐྱོད་ཅིག་རེད། གླེང་སྟེགས་དེར་རྒྱལ་སྤྱིའི་དོན་སྙིང་ལྡན་པ་དང་གླེང་སྟེགས་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པར་མ་ཟད། གླེང་སྟེགས་ལ་གཏན་གནས་གསལ་བོ་ལྡན། ནུས་ཁུངས་ཀྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པར་ལྷད་མེད་ནི་ཁག་ཐག་ཡིན་པ་དང་། ནུས་ཁུངས་དེ་ལྷད་མེད་དབང་གིས་འཛམ་གླིང་ཡོངས་ཀྱིས་དང་ལེན་བྱས་པ་དང་། ལྷད་མེད་དེ་དག་གཙང་ནུས་ཁུངས་ལ་བརྟེན་ན་ད་གཟོད་རྒྱུན་རིང་འཕེལ་རྒྱས་འབྱུང་ཐུབ། དག་གཙང་ནུས་ཁུངས་ནི་དངོས་ཡོད་ལ་རྐང་བཙུགས་ཤིང་མ་འོངས་པར་ཁ་ཕྱོགས་པའི་ནུས་ཁུངས་ཡིན་ལ། མིའི་རིགས་ཀྱིས་རེ་བསྙེག་དང་རེ་སྨོན་བྱེད་པའི་ནུས་ཁུངས་རེད། མཚོ་སྔོན་ལ་དག་གཙང་ནུས་ཁུངས་གསར་གཏོད་བྱེད་པའི་རྨང་གཞི་དང་ཆ་རྐྱེན་ལྡན་པས། འཛམ་གླིང་གི་དག་གཙང་ནུས་ཁུངས་ཀྲུང་གོར་ཕྱོགས་ཡོད་པ་དང་། ཀྲུང་གོའི་དག་གཙང་ནུས་ཁུངས་མཚོ་སྔོན་ལ་ཕྱོགས་ཡོད་པས། དག་གཙང་ནུས་ཁུངས་ཐད་འབད་བརྩོན་ལྷོད་མེད་བྱེད་པ་ནི་མཚོ་སྔོན་གྱི་ཕྲག་ཏུ་བབས་པའི་ལས་འགན་ལྗིད་མོ་ཡིན། དེ་ལས་གཞན་གླེང་སྟེགས་ལ་དུས་རབས་ཀྱི་རྗེས་ཤུལ་ལྡན་པ་དང་གླེང་སྟེགས་ལ་གླེང་གཞི་གསར་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཉིས་སྟོང་སུམ་ཅུ་ལོའི་ཡར་སྔོན་དུ་ཐཱན་རྩེར་སོན་མངོན་འགྱུར་བྱེད་པ་དང་། ཉིས་སྟོང་དྲུག་ཅུ་ལོའི་ཡར་སྔོན་དུ་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཟེར། 

མཱ་ཅན་ཐང་གིས་གཏམ་བཤད་གལ་ཆེན་སྤེལ་སྐབས་ཐོག་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཚབ་བྱས་ཏེ་གླེང་སྟེགས་སྤེལ་བར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཐཱན་གཉིས་ཀྱི་དམིགས་འབེན་བཏོན་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འདུས་པའི་རེ་བ་ཡིན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་རླབས་ཆེན་ལག་ལེན་ཡང་ཡིན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་གནས་གསར་བསྐྲུན་བྱེད་པའི་འཕེལ་རིམ་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་གནས་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ནས་གནས་བཞིའི་མཉམ་འཛུགས་ལ་སྐུལ་འདེད་གཏོང་དགོས་ཟེར། 

ཞིན་ཁྲང་ཞིང་གིས་གཏམ་བཤད་སྤེལ་སྐབས། ཐེངས་འདིའི་གླེང་སྟེགས་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཡིན། གོམ་རིམ་རྗེས་མར་མཚོ་སྔོན་གྱིས་ཤུགས་ཆེན་པོས་དག་གཙང་ནུས་ཁུངས་ཀྱི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐཱན་ཕྱིར་གཏོང་མེད་པའི་གློག་ཤུགས་མ་ལག་སྔོན་ལ་གསར་བསྐྲུན་བྱས་ཤིང་། གློག་ནུས་ཚབ་བྱེད་བཟོ་སྐྲུན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ནུས་གསོག་འཕེལ་རྒྱས་ཀྱི་སྔོན་སྐྱོད་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཤུགས་ཆེན་པོས་དག་གཙང་ནུས་ཁུངས་ཐོན་ལས་མང་བོ་གསོ་སྤེལ་བྱས་ནས། ཐཱན་རྩེར་སོན་ཐད་ནས་སྔོན་ལ་ཚོད་ལྟ་བྱེད་པ་དང་ཐཱན་སྙོམ་སྦྱོར་ཐད་ནས་སྔོན་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། རྒྱལ་ཡོངས་ཀྱི་ཐཱན་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཞབས་འདེགས་ཞུ་བའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར། 

ཀྲུང་གོའི་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ་པའོ་ཞིན་ཧི་དང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཅང་ཡེ། རྒྱལ་ཁབ་ནུས་ཁུངས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ལིའུ་གོ་ཡའོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཆེན་ཧྲི་ཕའེ་ཅོན་བཅས་ཀྱིས་གཏམ་བཤད་གལ་ཆེན་སྤེལ། 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་ཡུས་ཚོན་ལི་དང་། ཁྲིན་རོས་ཧྥུན། ཀྲའོ་ཡའོ་ཞཱ། ཝུའུ་ཧེ་ཁུན། ཀྲང་ལོས། དབྱང་ཀྲི་ཝུན། ཀྲང་ཝུན་ཁོས། ཧྲན་ཏུང་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞིའི་གཞོན་པ་ཝང་ཞིག་ལིན། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཀུའུ་ཅོན། ཀྲུང་གོའི་ཀོང་ཧི་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་དབྱང་ཁྲང་ལེ། ཆིན་ཧྭ་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཝང་ཀོང་ཆན་སོགས་གྲོས་ཚོགས་ལ་ཞུགས། 

མཐོ་རིམ་སློབ་གྲྭའི་ཞིབ་འཇུག་ཁང་དང་། ལས་རིགས་ཀྱི་ཁེ་ལས་གྲགས་ཅན། ལས་རིགས་མཐུན་ཚོགས། ཅང་སུའུ་ཞིང་ཆེན་དང་ཧྲན་ཏུང་ཞིང་ཆེན། ཨན་ཧོས་ཞིང་ཆེན་། ཧུའུ་པེ་ཞིང་ཆེན། ཀོས་ཀྲིའུ་ཞིང་ཆེན། ཧྲའན་ཞི་ཞིང་ཆེན། ཡུན་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། བོད་རང་སྐྱོང་ལྗོངས་བཅས་ཀྱི་སྲིད་གཞུང་དང་ས་ཁུལ། སྡེ་ཁག་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་པ་དང་འགན་ཁུར་བློ་མཐུན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་པའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།