ཝང་ལི་མེན་གྱིས་ཀན་ཧུ་བཟོ་ལས་ཁུལ་དུ་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་ཀན་ཧུ་བཟོ་ལས་ཁུལ་དུ་སོང་ནས་དེའི་ལས་བྱེད་དང་ཁེ་ལས་ལས་བཟོ་བ་རྣམས་ལ་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། ཏ་མཱེ་སོལ་རིགས་སིན་ཐུན་ལས་གཞིར་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་མཚོ་སྔོན་ཟངས་རིགས་འགན་འཁྲི་ཚད་ཡོད་ཀུང་ཟི་སོགས་ཀྱི་ཁེ་ལས་ཐོན་སྐྱེད་གནས་ཚུལ་ལ་རྟོག་ཞིབ་བྱས།

ཝང་ལི་མེན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ནི་མིག་སྔར་ཆེས་གལ་ཆེ་བའི་ཆབ་སྲིད་ལས་འགན་ཡིན་ལ། ལས་ཁུངས་སོ་སོ་དང་ཁེ་ལས་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁེ་ལས་ཁྲོད་སྐུལ་འདེད་གཏོང་བ་དང་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། གཏན་འཇགས་ཀྱི་ཐོན་སྐྱེད་དངོས་གཉེར་རྒྱུན་འཁྱོངས་བྱེད་པ། ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།

ཝང་ལི་མེན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་ལེན་པ་དང་གོ་བ་ཡང་དག་ལེན་པ་དང་ཁེ་ལས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། མི་འདང་ས་བཙལ་ནས་ཁ་གསབ་བྱེད་དགོས་ལ། བཅོས་སྒྱུར་སྤུས་ཚད་ཇེ་མཐོར་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཁེ་ལས་ལེགས་པོར་གཉེར་དགོས། རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་ལ་ཤུགས་བསྣན་ནས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་དགོས་ལ། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་དང་འཐབ་འཛིང་མཁར་རྫོང་ནུས་པ་ཇེ་དྲག་ཏུ་བཏང་ནས་མཚོ་སྔོན་གྱི་དུས་རབས་གསར་བ་དང་འཕེལ་རྒྱས་གསར་བར་བྱས་རྗེས་བཞག་སྟེ་གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བར་བསུ་མ་བྱེད་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།