ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཀྲའོ་ཡུའེ་ཞ་ཡིས་ནན་གྱིས་བསྟན་དོན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དྲིལ་སྒྲོག་དང་སློབ་སྦྱོང་བྱེད་པ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཆབ་སྲིད་རང་རྟོགས་མཐོན་པོས་ཐེངས་འདིའི་གཅིག་བསྡུས་སྒྲོག་འགྲེལ་གྱི་དོན་སྙིང་གལ་ཆེན་ཡིད་ལ་ངེས་པར་བྱས་ཏེ། སྤུས་ཚད་མཐོན་པོའི་ཆུ་ཚད་ཀྱིས་གཅིག་བསྡུས་སྒྲོག་འགྲེལ་སྤེལ་དགོས། གོ་སླ་ཞིང་ཡིད་ལ་འཛིན་བདེ་བའི་བྱེད་ཐབས་སྣ་མང་སྤྱད་དེ། མགྱོགས་མྱུང་ངང་མཚོ་སྔོན་གྱི་ས་ཆར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་དགོས།
ཀྲའོ་ཡུའེ་ཞ་ཡིས་བླང་བྱ་བཏོན་དོན། ཡང་དག་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་འགྲེལ་དང་ཀློག་འགྲེལ་ཡག་པོ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་སྒྲོག་འགྲེལ་བཟང་བོ་བྱེད་དགོས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་བརྗོད་གཞིའི་གཙོ་ཐིག་དང་གྲུབ་འབྲས་གལ་ཆེན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རིང་བཞིན་གྱི་འགྱུར་ལྡོག་སྒྲོག་འགྲེལ་ཡང་དག་བྱེད་དགོས། བཀོད་སྒྲིག་ཚགས་དམ་དང་རྩ་འཛུགས་ཞིབ་མོ་བྱས་ཏེ། གཞི་རིམ་སྒྲོག་འགྲེལ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀླད་པར་དྲག་ཆས་སྤྲས་པ་དང་། ལག་ལེན་མཛུབ་སྟོན་ཕྱོགས་ལ་ཤུགས་བཏོན་ནས། བྱ་བའི་གོང་འོག་ཚང་མར་སྐུལ་འདེད་གཏོང་དགོས། སྒྲོག་འགྲེལ་བྱ་བར་ཕན་འབྲས་དངོས་ཐོབ་པར་འབད་ནས། ཞིང་ཆེན་ཡོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རྣམ་པ་ལེགས་པོ་བསྐྲུན་དགོས་ཟེར། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རིམ་པ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་གྲོས་ཚོགས་ལ་ཞུགས།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།