“ཅན་བཅུའི”ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་ཀྱིས་དམངས་ཕན་དམངས་བདེ་ལེགས་པོར་བསྒྲུབས་པ།

རྨ་ཆེན་རྫོང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།

དུས་ཐུང་ལོ་ངོ་འགའི་རིང་ལ། རྨ་ཆེན་རྫོང་གིས་རྫོང་ཡོངས་ཀྱི་ལས་ཁུངས་དང་། ཁེ་ལས་དང་ལས་དོན་སྡེ་ཚན་ཡོངས་ཀྱི་ཏང་ཀྲི་པུའུ་དང་གཞི་རིམ་གྱི་ཏང་ཀྲི་པུའུ་ཡིས“ཟུང་སྦྲེལ་མཉམ་སྐྲུན”བྱེད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་བྱ་བ་དང་སུན་སྣང་སྐྱེ་བའི་བྱ་བ། བློ་མི་བདེ་བའི་བྱ་བ་སོགས་ཐག་གཅོད་བྱས་པ་དང་། ཚང་མའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་བཏང་། འདི་ནི“ཟུང་སྦྲེལ་མཉམ་སྐྲུན”གྱི་ཏང་ཀྲི་པུའུ་ཡིས་དྭངས་ལག་ཞང་ཁྲ་ཚང་གོང་མ་སྡེ་བའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱེད་བཞིན་པའི་ཚུལ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། རྨ་ཆེན་རྫོང་གིས“ཏང་གི་ལོ་རྒྱུས་སློབ་པ་དང་དགོངས་དོན་རྟོགས་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ལ་དམ་པོར་དམིགས་ཏེ། སྦྱངས་སྤྱོད་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད། ལོ་རྒྱུས་བསླབས་ནས་ལག་ལེན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཐོག “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ”ཡི་ལག་ལེན་བྱ་འགུལ་དེ་རྫོང་ཨུའི“ཅན་བཅུའི”ཏང་འཛུགས་ཀྱི་འབྲོག་ཁུལ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་བྱེད་ཐབས་གསར་པར་གཏིང་ཟབ་སྒོས་འདྲེས་པར་སྐུལ་འདེད་བྱས་ནས། སེམས་དང་བསམ་པས་སྟོབས་ཤུགས་གང་ཡོད་ཀྱིས་མང་ཚོགས་ཀྱི་མིག་སྔའི་དཀའ་ངལ་དང་སེམས་ཁྲལ་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་བཅད་པ་དང་། དམངས་ཕན་དམངས་བདེའི་དོན་དངོས་ལེགས་པོར་བསྒྲུབས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས་སེམས་སུ་འཇགས་པར་བྱས།

ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ། གཅིག་སེམས་གཅིག་ལ་འབྲེལ་བར་བྱས་པ། “ཅན་བཅུའི”ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ། 《རྨ་ཆེན་རྫོང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ”ཡི་ལག་ལེན་བྱ་འགུལ་གྱི་ཇུས་གཞི》སྒྲིག་བཟོ་གཏན་འབེབས་བྱས་པ་དང་། དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ་ཕྱོགས་བཅུ་གཅིག་གི་དམངས་འཚོའི་དོན་དངོས་ནང་དོན་དོན་ཚན48ཞིབ་ཕྲར་བཏང་སྟེ། སྣེ་ཁྲིད་ཀྱི་འགན་འཁྲི་སྡེ་ཁག་གསལ་པོར་གཏན་འཁེལ་བྱས། ཞིབ་ཕྲ་ནས་མགོ་རྩོམ་པ་རྒྱུན་འཁྱོངས་དང་། དམངས་ཀྱི་ཤེས་རབ་དང་སྟོབས་ཤུགས་གོང་བུར་བསྒྲིལ་ཏེ། རྫོང་དང་ཞང་གྲོང8ཀྱི་སྡེ་བ(སྡེ་ཁུལ)43དུ་གོང་ནས་འོག་བར་དུ་ཐོན་སྐྱེད་འཕེལ་རྒྱས་དང་རྩོད་གཞི་འདུམ་སྒྲིག ཁོར་ཡུག་སྲུང་སྐྱོབ། ཕན་ཚུན་རོགས་རམ། འཕྲོད་བསྟེན་དཔྱད་དཔག རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་། སློབ་གསོའི་ལྟ་སྐུལ། བསམ་པའི་རིག་གནས། འགན་སྲུང་འབྲེལ་གཏུག འབྲེལ་བ་མཐུན་སྦྱོར། ཕན་ཕྱོད་ལྟ་སྐུལ་བཅས་ཆེད་དམིགས་བྱ་བའི་ཚན་ཆུང11སྒྲིག་འཛུགས་བྱས་ཏེ། ལས་བྱེད་ཏང་ཡོན་དང་མང་ཚོགས་ཀྱི་འཇོན་ནུས་ལྟར་དེའི་ཁྲོད་བཞག་པ་དང་། ཏང་ཡོན་ལས་བྱེད་པས་གོང་མས་འོག་མར་སྣེ་ཁྲིད་དེ། མང་ཚོགས་ལ་སྐུལ་སློང་དང་མང་ཚོགས་རྩ་འཛུགས། མང་ཚོགས་ལ་སྐུལ་ཁྲིད་གང་ལེགས་བྱས་ཤིང་། ཉེ་འགྲམ་གྱི་བྱ་བ་སྒྲུབ་མཁན་ཡོད་པ་དང་རང་ཉིད་ཀྱི་བྱ་བ་རང་ཉིད་ཀྱིས་སྒྲུབ་པ། སྤྱིལ་ཁང་ནང་སྔོ་ཚོད་འདེབས་འཛུགས་དང་། གླ་དང་བྱ་ཕོ། འབྲོག་ལུག་བཅས་ཁྱད་ལྡན་གསོ་སྤེལ་སོགས་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་དང་འབྲོག་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་། གྲོང་གསེབ་ཀྱི་བགྲོད་ལམ་སྲུང་སྐྱོབ། ཁྱིམ་མཚེས་ཀྱི་རྩོད་གཞི་འདུམ་སྒྲིག སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་ལེན། བདེ་སྐྱོང་མཉམ་འགོག་སོགས་གཞི་རིམ་གྱི“དོན་ཆུང”སྣ་ཚོགས་ཁྲོད་ཞུགས། ཁྱད་པར་དུ“5.22”རྨ་སྟོད་ས་འགུལ་བྱུང་བ་ནས་བཟུང་། ཆེད་དོན་བྱ་བའི་ཚན་ཆུང་སོ་སོ་རང་འགུལ་གྱིས་གནོད་སྐྱོན་གནས་ཚུལ་ཞིབ་བཤེར་དང་དངོས་ཟོག་སྟེར་བ། རྒྱུ་རྫས་སྐྱེལ་འདྲེན། གད་སྙིགས་གཙང་འདྲེན། རྒྱབ་ཕྱོགས་འགན་སྲུང་སོགས་ཀྱི་བྱ་བའི་ཁྲོད་ཞུགས་ཏེ། ས་འགུལ་རྗེས་ཀྱི་བསྐྱར་སྐྲུན་བྱ་བ་ཤུགས་ཚད་ཆེ་བའི་སྒོ་ནས་ཇེ་མགྱོགས་སུ་བཏང་། ད་ལོའི་ཚུན་དུ། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཆེད་དོན་བྱ་བའི་ཚན་ཆུང་གིས་ཞིབ་ཕྲའི་དོན་དངོས6000ལྷག་ཐག་གཅོད་བྱས་ཏེ། རྫོང་ཡོངས་ཀྱི་གོང་འོག་ཏུ“མགོ་ཁྲིད་ཚན་ཆུང་གིས་ཏང་ཡོན་ལ་སྣེ་ཁྲིད་དེ་སྒྲུབ་པ་དང་ཏང་ཡོན་གྱིས་མང་ཚོགས་ལ་སྣེ་ཁྲིད་དེ་སྒྲུབ་པ། མང་ཚོགས་ཀྱིས་ཕན་ཚུན་ལ་འགྲན་བསྡུར་བྱས་ཏེ་སྒྲུབ་པའི”ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ལེགས་པོ་ཞིག་ཆགས་པར་བྱས་ཡོད།

ཟུང་འབྲེལ་མཉམ་སྐྲུན་བྱས་ཏེ། མང་ཚོགས་ཀྱི་སྒོ་མོ་ཕྱེ་བ། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པས་འབྲེལ་གཏུག་བྱེད་ཡུལ་གྱི་ཞང་འགན་ལེན་བྱས་པ་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་རང་འགུལ་གྱིས“གཞི་རིམ་དུ་བསྐྱོད་པར”བརྟེན་ནས། སྡེ་བ(སྡེ་ཁུལ)43གྱི་ཏང་ཀྲི་པུའུ་རུ་གཅིག་ལ་གཅིག་གཏད་ཀྱི་ཏང་འཛུགས་སྐྲུན་བྱ་འགུལ“མཉམ་སྒྲུབ”དང་དམངས་ལ་ཞབས་ཞུ“མཉམ་སྒྲུབ”བྱེད་པ། དགེ་མཚན་ལྡན་པའི་ཐོན་ཁུངས“མཉམ་སྤྱོད”བྱེད་པའི“ཟུང་འབྲེལ་མཉམ་སྐྲུན”འབྲེལ་བ་བཙུགས་ཤིང་། སྡེ་བ་རིམ་པའི་ཏང་རྩ་འཛུགས་ལ་རོགས་རམ་བྱས་ཏེ་མགོ་ཁྲིད་ཚན་ཆུང་གཅིག་འཛུགས་པ་དང་དཔུང་སྡེ་ཞིག་ལེགས་འཛིན་བྱེད་པ། ལམ་ལུགས་ཆ་ཚང་ཞིག་འཛུགས་པ། འཕེལ་རྒྱས་ལམ་ཕྱོགས་ཤིག་གསལ་པོར་བྱེད་པ། ཡོང་སྤར་ལམ་བུ་ཞིག་གསར་དུ་གཏོད་པ། གནད་དོན་གཙོ་བོ་སྐོར་ཞིག་ཐག་གཅོད་པ་བཅས་ཀྱི་ལམ་བུ་བསྐྲུན་ཐོག མང་ཚོགས་ཀྱི་དགོས་མཁོ་ཁ་རུ་ཁ་ཐུག་ཏུ་རྒྱུས་ལོན་དཔྱིས་ཕྱིན་པ་བྱས་ཤིང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཇེ་དམ་དུ་བཏང་། ལས་ཁུངས་སོ་སོའི་ཀྲི་པུའུ་ཡིས་འགན་ནུས་ལ་དམིགས་པ་དང་དགེ་མཚན་ལ་རྐང་བཙུགས་ཏེ། “སློབ་ཁྲིད་གཅིག་དང་བསྐྱོད་པ་བཞི”དང“བུད་མེད་ཁྲི་བརྒྱའི་སྒྲོག་འགྲེལ་ཆེན་མོ” བཅའ་ཁྲིམས“ཐོན་པ་བདུན”འབྲོག་པའི་རིག་གནས་གསབ་སྦྱོང་། གུང་གསེང་སྐབས་ཀྱི་སློབ་མའི་དབྱར་གསེང་སོགས་ཀྱི་བྱ་འགུལ་ཏན་ཏིག་གིས་སྤེལ་བ་དང་། རིག་གནས་དང་བླངས་པ་རྩ་འཛུགས་བྱས་ཏེ་ཡིག་གཟུགས་དང་རི་མོ། རོལ་ཆས། ཞབས་བྲོ་སོགས་ཀྱི་གསོ་སྦྱོང་གཞི་རིམ་དུ་བསྐྱལ་ལ། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གི་དང་བླངས་ཞབས་ཞུ་དང་བུད་མེད་ཀྱི“སྐྲན་གཉིས”འཚག་བཤེར་བྱེད་པ། སྨན་བཅོས་སྒོ་ཁར་སྐྱེལ་བ། བདེ་འཇགས་གནོད་སྐྱོན་རྩད་བཤེར་བྱེད་པ། སྐོར་སྐྱོད་ཁྲིམས་ཁང་། གྱོད་དོན་འཚམས་འདྲི། སྒོ་ཁར་དཔང་ཡིག་བཟོས་ཏེ་དྲོད་ཁོལ་སྐྱེལ་བ། “ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་མ་འབུམ་དུ་བསྐྱོད་པ”དམངས་ཕན་ཁྲལ་སྒྲུབ་དཔྱིད་རླུང་འགུལ་སྐྱོད་སོགས་བྱ་འགུལ་རབ་དང་རིམ་པ་ཧུར་ཐག་གིས་སྤེལ་བ་དང་། གྲོང་གསེབ་ཏུ་མྱུར་སྐྱེལ་ལས་སྒོ་དང་སྐྲ་ལོ་མཛེས་བཟོ། དབང་སྐྱོན་ལ་ནད་གཡོག་བྱེད་པ། ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན། ཟས་རིགས་གཡོས་སྦྱོར། ས་བརྐོ་འཕྲུལ་ཆས་གསོ་སྦྱོང་སོགས་རྩ་འཛུགས་བྱས་ཏེ་སྤེལ་བ་དང་། མང་ཚོགས་ཀྱི་ལས་ཞུགས་ནུས་པ་རྒྱུན་མཐུད་ཀྱིས་མཐོར་འདེགས་བཏང་སྟེ། ཁྲག་བཟོ་བྱེད་ནུས་ཇེ་དྲག་ཏུ་བཏང་། མིག་སྔའི་བར་དུ། མཉམ་འབྲེལ་ཀྲི་པུའུ་ཡིས་བསྡོམས་པས་མང་ཚོགས་མི་ཁྲི3.2ལྷག་ལ་འཚམས་འདྲི་བྱས་པ་དང་། དྲིལ་སྒྲོག་སྒྲོག་འགྲེལ་ཐེངས400ལྷག་སྤེལ་ལ།བྱ་འགུལ་སྣ་ཚོགས་ཐེངས850ལྷག་རྩ་འཛུགས་བྱས།

རང་རང་སོ་སོའི་ལས་འགན་འཁུར་ཏེ། དམངས་འཚོའི་དོན་དངོས་བསྒྲུབས། དམངས་འཚོའི་དོན་དངོས་གཙོ་གནད་འགན་འཁྲིའི་ཞིབ་ཐོར་དམིགས་པ་དང་། རང་སོ་སོའི་ལས་འགན་འཁུར་བ། ཆེད་བསྐོས་མི་སྣས་ལས་སྒྲུབ་བཅས་བྱས་ཏེ། བྱ་བ་སོ་སོ་ཏན་ཏིག་གིས་སྐུལ་འདེད་བྱས། གཅིག་ནས་གཙོ་གནད་གནད་དོན་ནུས་ཤུགས་གང་ཡོད་ཀྱིས་ཐག་གཅོད་བྱས་པ་དང་། གཉིས་ནས་དཀའ་གནད་གནད་དོན་ནུས་ཤུགས་གང་ཡོད་ཀྱིས་ཐག་གཅོད་བྱས་ལ། གསུམ་ནས་ཚ་ཤོས་གནད་དོན་ནུས་ཤུགས་གང་ཡོད་ཀྱིས་ཐག་གཅོད་བྱས།

གོ་རིམ་རྗེས་མར། ང་ཚོས་མུ་མཐུད་དུ་མང་ཚོགས་ཉེ་འགྲམ་གྱི་གནད་དོན་དང་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོར་དམིགས་ཏེ། ལྷག་བསམ་ཟོལ་མེད་ཀྱིས་དམ་བཅའ་ལག་བསྟར་བྱེད་པ་དང་། དངོས་སྒྲུབ་ཞུན་བརྡར་གྱིས་ལེགས་འཛིན་བྱེད་པ། “ཅན་བཅུའི”ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང་ཏན་ཏན་ཏིག་ཏིག་གིས་སྒྲུབ་པ། གསལ་ཐག་ཆོད་པའི་ངང་སྒྲུབ་པ་བཅས་བྱས་ཏེ། མང་ཚོགས་ལ་དངོས་ཡོད་གྲུབ་འབྲས་རོལ་མྱོང་བྱེད་དུ་འཇུག་རྒྱུ་མ་ཟད། གསར་གཏོད་ཟབ་སྤེལ་ཁྲོད“ངས་མང་ཚོགས་ལ་དོན་དངོས་སྒྲུབ”པའི་ཡུན་ཕན་ནང་རྐྱེན་བཙུགས་ཏེ། རྨ་ཆེན་གྱི“གྲོང་ཁྱེར་གཅིག་དང་ས་ཁུལ་དྲུག”བསྐྲུན་པར་སྟོབས་ཤུགས་གསར་པ་གཅིག་ཏུ་སྒྲིལ་བ་དང་བྱེད་སྟངས་གསར་པ་འདོན་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།