མཚོ་སྔོན་ཞིང་ཆེན་གྱི་རེས་སྐོར་གཉིས་པའི་སྲིད་གཞུང་གི་དམངས་ཕན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་དེ་རིང་ནས་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གསོན་ཤུགས་སྔར་བས་འཕེལ་བ་དང་། མི་དམངས་མང་ཚོགས་ལ་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་ཆེད། ཞིང་ཆེན་སྲིད་གཞུང་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་བའི་བླང་བྱ་གཞིར་བཟུང་། ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་འབྲེལ་སྒོས་ལོ་མཇུག་དང་ལོ་མགོའི་འཛད་སྤྱོད་ཀྱི་ཁྱད་ཆོས་བེད་སྤྱད་ནས། རེས་སྐོར་གཉིས་པའི་ཁྱིམ་སྤྱོད་གློག་ཆས་བྲིན་ཚོང་གཙོ་བྱས་པའི་དམངས་ཕན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་རྒྱུ་རེད།

གསར་འགོད་པས་ཟླ11པའི་ཚེས24ཉིན། ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་དེ“མཚོ་སྔོན་གྱིས་དྲོད་ཞིང་འཇམ་པའི་དགུན་བསྐྱལ་བར། ཕན་བདེའི་ཁྱིམ་སྤྱོད་གློག་ཆས་ཉོ་སྒྲུབ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་ལ། ཟླ11པའི་ཚེས26ཉིན་ནས་མགོ་རྩོམ་རྒྱུ་རེད། བྱེད་སྒོའི་ཁ་གསབ་མ་དངུལ་བསྡོམས་པས་སྒོར་ཁྲི་ཆིག་སྟོང་བརྒལ་ཡོད་པ་དང་། དེ་ཡོན་ཧྲན་དངུལ་སྤྲོདAppཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་སྤ་སེའི་རྣམ་པར་བརྟེན་ནས་སྤེལ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཚོང་དོན་ཁེ་ལས་ཀྱི་རིམ་པ་མཐོ་རུ་སྤོར་བར་རོགས་འདེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་བརྟན་འཇགས་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད། ཤེས་གསལ་ལྟར་ན། ད་ཐེངས་ཀྱི་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོས་ཀུན་ཕན་གྱི་ངོ་བོ་ལྡན་པའི་སྒོ་ནས། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་རྒྱུན་སྡོད་ཡུལ་མིས་རང་ཉིད་ཀྱི་མིང་ཐོག་ནས་ཁྱིམ་སྤྱོད་གློག་ཆས་ཉོ་དགོས་ཚེ་བྱེད་སྒོའི་ནང་ཞུགས་ཆོག བྱེད་སྒོས་ཁྱིམ་སྤྱོད་གློག་ཆས་ཀྱི་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་གྲངས་ཚད་ལོན་ཚེ་འཕྲུལ་ཆས་ལ་བརྟེན་ནས་ཉུང་འཕྲི་བྱེད་པའི་རྣམ་པའི་ཐོག་ནས་སྤེལ་རྒྱུ་རེད། དེའི་ནང་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དེས་ཡོན་ཧྲན་དངུལ་སྤྲོདAppདྲ་ཚིགས་ཐོག་འཛིན་ཤོག་སྤྲོད་པ་དང་། དེ་བཞིན་བྱེད་སྒོའི་ཚོང་དུད་ཀྱི་ཚོང་ཁང་གི་སྒོ་འགྲམ་དུ་ཨང་རྟགས་བཤར་འབེབས་བྱེད་པའི་འཛིན་ཤོག་གཉིས་ཀྱི་རྣམ་པའི་ཐོག་ནས་སྤེལ་རྒྱུ་ཡིན་པ་དང་། གྲོང་མི་ཚོས་ཡོན་ཧྲན་དངུལ་སྤྲོདAppབརྒྱུད་ནས་འབྲེལ་ཡོད་ཀྱི་འཛིན་ཤོག་བླངས་ཆོག གྲངས་ཚད་ལོན་རྗེས་འཕྲུལ་ཆས་ལ་བརྟེན་ནས་ཉུང་འཕྲི་བྱེད་པདང་། འཛད་སྤྱོད་པ་བྱེད་སྒོའི་ཚོང་ཁང་དུ་སོང་ནས་འཛལ་སྤྱོད་བྱས་པའི་དངུལ་སྒོར300ཡན་བརྒལ་ཚེ་ཡོན་ཧྲན་དངུལ་སྤྲོདAppབཀོལ་ནས་དངུལ་སྤྲོད་པའི་ནང་ཞུགས་ཆོག་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།