མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གྲོང་གསེབ་དར་རྒྱས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིའང་ཙུང་ཞའོ་ལ་བརྟག་བཤེར་བྱས།

  ཞིན་ཧེ་རྫོང་གྲོང་གསེབ་དར་རྒྱས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལེའང་ཙུང་ཞའོ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཞིན་ཧེ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

ལིའང་ཙུང་ཞའོ་ཡི་ངོ་སྤྲོད་མདོར་བསྡུས།

ལིའང་ཙུང་ཞའོ། ཕོ། བོད་རིགས། 1976ལོའི་ཟླ9པར་སྐྱེས། མཚོ་སྔོན་ཧོང་ཀྲུང་གི་མི་ཡིན། སློབ་ཆེན་གྱི་ཡོན་ཚད་ལྡན། 2000ལོའི་ཟླ7པར་ལས་ཀར་ཞུགས། 2001ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

2000ལོའི་ཟླ7པ་ནས2003ལོའི་ཟླ4པའི་བར། ཞིན་ཧེ་རྫོང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོར་ཡུག་སྲུང་སྐྱོང་ཅུའུ་ལྟ་ཞིབ་རུ་ཆེན་གྱི་ལས་བྱེད་པ་ཡིན།

2003ལོའི་ཟླ4པ་ནས2008ལོའི་ཟླ3པའི་བར། ཞིན་ཧེ་རྫོང་ནགས་ལས་དང་ཁོར་ཡུག་སྲུང་སྐྱོང་ཅུའུ་ཁོར་ཡུག་ལྟ་ཞིབ་རུ་ཆེན་གྱི་ལག་རྩལ་པ་ཡིན།(དེའི་རིང་། 2000ལོའི་ཟླ8པ་ནས2000ལོའི་ཟླ8པའི་བར། ཞིན་ཧེ་རྫོང་ལུང་བཟང་ཤང་སྲིད་གཞུང་ཤང་ཀྲང་གི་ལས་རོགས་པ་བྱས།)

2008ལོའི་ཟླ3པ་ནས2009ལོའི་ཟླ7པའི་བར། ཞིན་ཧེ་རྫོང་ནགས་ལས་དང་ཁོར་ཡུག་སྲུང་སྐྱོང་ཅུའུ་ཁོར་ཡུག་ལྟ་ཞིབ་རུ་ཆེན་གྱི་ཁོའོ་ཡོན་ཡིན།

2009ལོའི་ཟླ7པ་ནས2012ལོའི་ཟླ5པའི་བར། ཞིན་ཧེ་རྫོང་འབྲོག་པའི་གཞིས་ཆགས་ལས་གྲྭ་འཛུགས་སྐྲུན་དོ་དམ་གཞུང་ལས་ཁང་གི་ཁོའོ་ཡོན་ཡིན།

2012ལོའི་ཟླ5པ་ནས2019ལོའི་ཟླ3པའི་བར། ཞིན་ཧེ་རྫོང་འབྲོག་པའི་གཞིས་ཆགས་ལས་གྲྭ་འཛུགས་སྐྲུན་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར།

2019ལོའི་ཟླ3པ་ནས2021ལོའི་ཟླ7པའི་བར། ཞིན་ཧེ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་ཁུར།

2021ལོའི་ཟླ7པ་ནས་ད་ལྟའི་བར། ཞིན་ཧེ་རྫོང་གྲོང་གསེབ་དར་རྒྱས་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི(རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན)འགན་ཁུར། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།