མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས། (ཨང54བ)

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་བདམས་ཐོན་བྱུང་བའི་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྱི་འཐུས་མི་ཝང་ཡུས་ཡན་སྲིད་འཛིན་ཁུལ་དེ་ནས་ཁ་བྲལ་བ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཝུའུ་ཡུས་ཀྲང་དང་དབྱང་དབྱིན། པད་རྒྱལ་བཀྲ་ཤིས། མགོན་པོ་ཚེ་བརྟན། ཞའོ་ཧྲུན་ཁྲུན། སངས་འབུམ། བསྟན་པ། ཀླུ་རྒྱལ། འབྲུག་ལོ་བཅས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིའི་ལས་གནས་ནས་འབུད་པའི་རེ་ཞུ་དང་ལེན་བྱས། འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར། ཝང་ཡུས་ཡན་གྱི་འཐུས་མིའི་ཐོབ་ཐང་མཚམས་བཞག་པ་དང་། ཝུའུ་ཡུས་ཀྲང་དང་དབྱང་དབྱིན། པད་རྒྱལ་བཀྲ་ཤིས། མགོན་པོ་ཚེ་བརྟན། ཞའོ་ཧྲུན་ཁྲུན། སངས་འབུམ། བསྟན་པ། ཀླུ་རྒྱལ། འབྲུག་ལོ་བཅས་ཀྱི་འཐུས་མིའི་ཐོབ་ཐང་མཚམས་བཞག མགོན་པོ་ཚེ་བརྟན་གྱི་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་གནས་མཚམས་བཞག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གསབ་འདེམས་བྱས་པའི་ཀྲང་ཞའོ་ཅུན་དང་དོན་འགྲུབ། ཡའེ་བན་པིན། ལིའུ་ཡན། ཀྲན་ཡུས་ཕིན། བསོད་ནམས་མཆོག་ལྡན། བསོད་ནམས་རྒྱལ་ཆོས། ཝང་ཧྲིན་ཏུང་བཅས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིར་བདམས། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས28པས་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་བཏོན་པའི་སྙན་ཞུ་ལྟར། ཀྲང་ཞའོ་ཅུན་དང་དོན་འགྲུབ། ཡའེ་བན་པིན། ལིའུ་ཡན། ཀྲན་ཡུས་ཕིན། བསོད་ནམས་མཆོག་ལྡན། བསོད་ནམས་རྒྱལ་ཆོས། ཝང་ཧྲིན་ཏུང་གི་འཐུས་མིའི་ཐོབ་ཐང་ནུས་ལྡན་ཡིན་པ་གཏན་ཁེལ་བྱས།

ཐེངས་འདིའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་སྐོར་ཞིག་གི་འཐུས་མིའི་ཐོབ་ཐང་ལ་འགྱུར་ལྡོག་བྱུང་རྗེས། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་དུ་དངོས་སུ་ཡོད་པའི་འཐུས་མི387ཡོད། 

ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།