མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་མི་དམངས་ཞིབ་དཔྱོད་ཁང་འཛུགས་པར་ཆོག་མཆན་གནང་བའི་སྐོར་གྱི་ཆོད་དོན།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་མི་དམངས་ཞིབ་དཔྱོད་ཁང་འཛུགས་པར་ཆོག་མཆན་གནང་བའི་སྐོར་གྱི་ཆོད་དོན།

(2021ལོའི་ཟླ11ཚེས24ཉིན་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་སྟེང་གྲོས་འཆམ་བྱུང)

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་མི་དམངས་ཞིབ་དཔྱོད་ཁང་འཛུགས་པར་ཆོག་མཆན་བཀོད་པ་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་མངགས་གཏོང་ལས་ཁུངས་ཡིན་པའི་ཆ་ནས། གཞི་རིམ་མི་དམངས་ཞིབ་དཔྱོད་ཁང་གི་འགན་དབང་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། ཟི་ལིང་ལྕགས་ལམ་སྐྱེལ་འདྲེན་ཞིབ་དཔྱོད་ཁང་དང་ལས་ཁུངས་གཅིག་དང་སྒོ་རྟགས་གཉིས་ལག་བསྟར་བྱ་རྒྱུ་ཡིན་པར་གཏན་འབེབས་བྱས།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།