མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པར་མགོ་འཛིན་གནང་ནས། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་བཅོས་བསྒྱུར་ཇུས་གཞིར་གྲོས་ཞིབ་བྱས།

ཧྲིན་ཀྲང་དང་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཐིང་ཅ་ཚའེ་དང་ལི་ཅེ་ཞང་། ཡུས་ཚུང་ལེ། ཝང་ལི་མིང་བཅས་གྲོས་ཚོགས་སུ་ཞུགས། 

གྲོས་ཚོགས་སྟེང་མིག་སྔའི་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་དེ་རྙོག་འཛིང་ཆེ་བའི་གནས་སུ་ལྷག་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གྲུབ་འབྲས་ལ་མཐོང་ཆེན་དང་། གནད་དོན་ལ་དམིགས་པ། ཉེན་ཁར་དོགས་ཟོན། མཉམ་ཤུགས་འགག་སྒྲོལ་བཅས་བྱས་ཏེ་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་བརྟན་འཇགས་དང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོའི་ནང་ཁྱབ་པར་བྱས་ནས། རྒྱལ་དོན་ཆེན་མོ་དང་ཞིང་ཆེན་གྱི་དོན་ཆེན་ལ་སེམས་ནང་གདེང་ཚོད་ཡོད་པ་བྱས་ཏེ། གཞུང་ཁོངས་ཁེ་ལས་བཅོས་བསྒྱུར་གྱི་དཀའ་གནད་ཟམ་མི་ཆད་པར་སེལ་བ་དང་གཞུང་ཁོངས་ཁེ་ལས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་རང་རྟོགས་ངང་མཉམ་འདྲེས་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་གྱི་འཐབ་ཇུས་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དགོས་མཁོར་བརྟེན་ནས་མཁོ་སྤྲོད་ལ་སྣེ་འདྲེན་དང་མཁོ་སྤྲོད་གསར་གཏོད་ཀྱི་དགོས་མཁོ་སྐོང་བའི་སྒུལ་རྣམ་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་ལ་བརྟེན་ནས་རྒྱུ་ནོར་གྲུབ་དུ་འཇུག་པ་དང་། རྒྱུ་ནོར་ལ་བརྟེན་ནས་མ་རྩ་གྲུབ་པ། མ་རྩ་དང་ལག་རྩལ་ཟུང་འབྲེལ་ཐུབ་པ་བཅས་བྱེད་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་སྟེང་གཞུང་ཁོངས་ཁེ་ལས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོ་རུ་གཏོང་བ་དང་། བཅོས་བསྒྱུར་དབུལ་ཐར་ལ་སྐུལ་འདེད་གཏོང་བ། ཏང་གི་མགོ་ཁྲིད་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་སྐོར་གྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་གནས་ཚུལ་སྙན་ཞུ་ལ་གསན། གྲོས་ཚོགས་སྟེང《ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་མ་ལག་མགྱོགས་མྱུར་སྒོས་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང་།《སྔོན་རྩིས་དོ་དམ་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་སྐོར་གྱི་ལག་བསྟར་བསམ་འཆར》《ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་གྱི་བྱ་སྤྱོད་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར》《སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་ཚན་རྩལ་དང་རིག་སྟོབས་ཀྱི་འདེགས་སྐྱོར་འགན་ལེན་བྱ་བའི་བསམ་འཆརསྲིད་དོན་གཞི་གྲངས་མཉམ་སྤྱོད་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གཞི་གྲངས་གོ་རིམ་ལྡན་པའི་ངང་མཉམ་སྤྱོད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་གཞི》དང་།《མཚོ་སྔོན་ཞིང་ཆེན་གྱི་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》《མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་མངགས་བཅོལ་ཞབས་ཞུ་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》《ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱས་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིང་གཞུང་གིས་རང་གི་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་འཐུས་མིའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་སྙན་ཞུ་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་ལེགས་འགྲུབ་བྱས་པའི་གནས་ཚུལ་བྱ་ཐབས》བཅས་ལ་ཉན་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།