མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས“བྱ་སྤྱོད་ཁག་ལྔ”སྤེལ་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་བྱུང་བར། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་གྲོང་གསེབ་དར་སྤེལ་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ལས་ཞུགས་དང་རྩལ་ནུས། སྤྱི་ཚོགས་འགན་སྲུང་། ཤེས་ལྡན་མི་སྣའི་མི་དོན། གནས་གཏན་འཁེལ་སོགས་བྱ་སྤྱོད་ཁག་ལྔ་དམ་འཛིན་བྱ་གཞིར་བྱས་ནས། གྲོང་གསེབ་དར་སྤེལ་ལས་དོན་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་སུ་དོན་འཁྱོལ་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་དབུལ་ཐར་མི་འབོར་གྱི་ལས་ཞུགས་བརྟན་འཇགས་ཡོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པ་དང་། ལས་ཞུགས་རོགས་སྐྱོར་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་དུས་མཚམས་རང་བཞིན་གྱིས་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ། ངལ་ནུས་མཉམ་ལས་རྩ་འཛུགས་ཡོད་པ། ངལ་ནུས་སྤུས་རྟགས་སྐྱེད་སྲིང་བྱས་ནས་ལས་ཞུགས་བསྡུ་ལེན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དབུལ་ཐར་མི་འབོར་གྱི་ལས་ཞུགས་གཞི་ཁྱོན་སྤྱིའི་ཆ་ནས་བརྟན་འཇགས་ཡོང་བར་འགན་ལེན་བྱས། ལས་རིགས་རྩལ་ནུས་མཐོ་རུ་གཏོང་བའི་བྱ་སྤྱོད་རྒྱུན་མཐུད་ངང་ལག་བསྟར་བྱས་ནས་གསོ་སྦྱོང་གི་དགོས་མཁོ་ཡོད་པའི་དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཏེ། “གསོ་སྦྱོང་བྱེད་དགོས་རིགས་ལ་ཅི་ནུས་ཀྱིས་གསོ་སྦྱོང་དང་། གསོ་སྦྱོང་བྱེད་ནུས་པར་ཅི་ནུས་ཀྱིས་གསོ་སྦྱོང་བྱེད་པ”བཅས་ཧུར་ཐག་གིས་དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ལས་རིགས་རྩལ་ནུས་ཆུ་ཚད་དང་ལས་ཞུགས་ལས་གཏོད་ནུས་པ་ཕྱོགས་ཡོངས་ནས་སྲ་བརྟན་དང་གོང་མཐོར་གཏོང་དགོས། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྤྱི་ཚོགས་འགན་བཅོལ་རོགས་སྐྱོར་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གྲོང་མི་དང་གྲོང་ཁྱེར་དུ་ཡོང་བའི་ལས་གཉེར་མི་སྣའི་སྤྱི་ཚོགས་འགན་བཅོལ་གནད་དོན་ཐག་གཅོད་བྱས་ཏེ། འགན་བཅོལ་ནང་ཞུགས་པའི་མི་སྣ་ལོ་ན་རྒན་པ་དང་། དབང་པོ་སྐྱོན་ཅན། ལས་རྨས་བྱུང་བ། ལས་ཤོར་བྱུང་ནས་དབུལ་པོར་འགྱུར་བ་བཅས་སྔོན་འགོག་བྱ་དགོས། ཤེས་ལྡན་པས་གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གཙོ་གནད་ཐོག་གཞི་རིམ་བྱ་གཞག་འཕེལ་རྒྱས་ལ་དམིགས་པ་དང་རིགས་སོ་སོའི་ཤེས་ལྡན་པར་གྲོང་གསེབ་དར་སྤེལ་ཁྲོད་བྱས་རྗེས་འཇོག་པར་སྐུལ་འདེད་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཤེས་ལྡན་པའི་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་པ་དང་། གནས་གཏན་འཁེལ་གྱི་རོགས་སྐྱོར་ལམ་སྲོལ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་ཀྱི་ཕན་འབྲས་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། རོང་འབྲོག་པའི་ཡོང་འབབ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།