ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་མཚོ་སྔོན་ནས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས།

微信图片_20211124114422.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ11པའི་ཚེས23ཉིན་གྱི་ཕྱི་དྲོར། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་མཚོ་སྔོན་ནས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་གླིང་གི་རིག་གཞུང་དང་རྩོམ་སྒྲིག་ཞུ་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲིན་ལིས་ཀྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་སྙན་ཞུ་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གཉིས་ཀ་སྙན་ཞུ་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་སྙན་ཞུ་ཚོགས་འདུར་མགོ་འཛིན་བྱེད་སྐབས་སྒྲོག་འགྲེལ་སྙན་ཞུའིགྲོས་ཆོདནང་འདུ་བའི་ཤེས་བྱའི་འདུས་ཚད་དང་བསམ་བློའི་འདུས་ཚད། སྙིང་སྟོབས་འདུས་ཚད། རིན་ཐང་འདུས་ཚད་བཅས་སྒྲོག་འགྲེལ་བྱས་པ་དང་།  རྩ་བའི་རིགས་པ་ལྡན་ཞིང་ཚན་རིག་གི་ཆོས་ཉིད་ལྡན་པ། གནས་ལུགས་ལྡན་པ། གཏན་ཚིགས་ལྡན་པ། གནས་ལུགས་ལྡན་པའི་སྒོ་ནས་ལོ་བརྒྱའི་ཏང་ཁག་ཆེན་པོའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་རྒྱུད་རིམ་དང་གྲུབ་འབྲས་གལ་ཆེན། ལོ་རྒྱུས་ཉམས་མྱོང་གསལ་བོར་བརྗོད་ཅིང་། ལོ་བརྒྱའི་ཏང་ཁག་ཆེན་པོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་བའི་རིགས་གཞུང་གྲུབ་འབྲས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་བརྗོད་པ་མ་ཟད། ལོ་བརྒྱའི་ཏང་ཁག་ཆེན་པོའི་རྒྱུ་མཚན་ཅིའི་ཕྱིར་ལེགས་འགྲུབ་བྱུང་བའི་རྒྱལ་ཁའི་གསང་བ་དང་ཡང་དག་པའི་རླབས་ཆེའི་གཟི་བརྗིད་གསལ་བརྗོད། ལོ་བརྒྱའི་ཏང་ཁག་ཆེན་པོས་བླངས་པའི་རླབས་ཆེན་རྒྱལ་ཁ་དང་དང་ལེན་བྱས་པའི་རིག་སྟོབས་དང་སྟོབས་ཤུགས་གསལ་བོར་བརྗོད་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། མ་ཡིག་གི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་དང་རྩ་བའི་རིགས་པར་ཤུགས་བསྣན་ནས་ནང་དོན་གསལ་རྟོགས་དང་བཀོལ་སྤྱོད་བྱེད་ཤེས་དགོས་ལ། ནང་ནས་སེམས་ཤུགས་བཏོན་ནས་སློབ་སྦྱོང་བྱས་ཏེ་བཀོལ་སྤྱོད་བྱེད་ཤེས་དགོས། ཕྱི་ནས་ལག་ལེན་བྱེད་པར་ཤུགས་བསྣན་ནས་ཏང་ལ་བློ་དཀར་བར་བྱེད་པ་དང་། སྲུང་སྐྱོང་གཉིསབྱེད་ཐུབ་པའི་སྙིང་སྟོབས་བཅངས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་བསམ་བློའི་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས་པར་བསྟན།

ཚོགས་འདུ་དེ་བརྙན་རིས་རྣམ་པས་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་དང་སྤྱི་དམངས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཏང་ཙུའུཏང་ཨུའགན་འཁུར་གཙོ་བོའི་བློ་མཐུན། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ། མཐོ་རིམ་སློབ་གྲྭའི་དགེ་སློབ། སྤྱི་བདེ་ཉེན་རྟོག་འཐུས་མི། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཐིང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་བཅས་སོགས་ཞིང་ཆེན་གྱི་ཚོགས་ར་གཙོ་བོར་ཞུགས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གི་འགན་འཁུར་བློ་མཐུན་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་ཁ་ཤས། རིགས་གཞུང་བྱ་བ་སྒྲུབ་མཁན་གྱི་འཐུས་མི་སོགས་ཞིང་ཆེན་གྱི་ཡན་ལག་ཚོགས་རར་ཞུགས། གྲོང་ཁྱེར་དང(ཁུལ)རྫོང(གྲོང་ཁྱེར། ཆུས།)བཅས་སུ་ཡན་ལ་ཚོགས་ར་བཙུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།