ཞིན་ཁྲང་ཞིང་གིས་ཐེན་ཧུ་འོད་ནུས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཀའོ་ཅི་ཧྥན་དང་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་དུ་ཐེན་ཧུ་འོད་ནུས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཀའོ་ཅི་ཧྥན་འཁོར་དང་བཅས་པར་ཐུག་འཕྲད་བྱས། 

ཞིན་ཁྲང་ཞིང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཀའོ་ཅི་ཧྥན་འཁོར་དང་བཅས་པ་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས། ཞིན་ཁྲང་ཞིང་གིས་དེང་སྐབས་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། མགྱོགས་མྱུར་སྒོས“གནས་བཞི”འཛུགས་སྐྲུན་དང་། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་བཞིན་ཡོད་ཅེས་གསུངས། ཐེན་ཧུ་འོད་ནུས་ཀྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་ཏེ། མཚོ་སྔོན་དུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། མཚོ་སྔོན་གྱི་ནུས་ཁུངས་སྒྲིག་གཞི་བཅོས་བསྒྱུར་དང་བཙོག་འབུད་ཉུང་གཏོང་། ཐཱན་ཉུང་གཏོང་བཅས་ཀྱི་ཐད་རོགས་འདེགས་བྱེད་དགོས་པའི་བླང་བྱ་བཏོན། 

ཀའོ་ཅི་ཧྥན་གྱིས་ཁེ་ལས་འཕེལ་རྒྱས་གནས་ཚུལ་རགས་བསྡུས་སྒོས་མཚམས་སྦྱོར་བྱས་རྗེས། མཚོ་སྔོན་གྱི་ས་ཁོངས་རྒྱ་ཆེ་ཞིང་ཐོན་ཁུངས་འཛོམས་པོ་ཡིན་ལ། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཐད་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་པས། ཐེན་ཧུ་འོད་ནུས་ཀྱིས་མུ་མཐུད་དུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། རང་སྟེང་གི་ལག་རྩལ་དགེ་མཚན་གང་ལེགས་སྤྱད་དེ་ཐོན་ལས་ཁྱུ་ཚོགས་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་འཇོག་རྒྱུ་ཡིན་པ་བསྟན། 

ཁྲིན་རུའེ་ཧྥིན་དང་ཝང་ལི་མིན་ཐུག་འཕྲད་ཁྲོད་ཞུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།