ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་མཁར་གྲོང་གི་དྲོད་འདོན་འགན་སྲུང་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་གྱི་དྲོད་འདོན་ཁེ་ལས་དང་སྡོད་དམངས་གཞིས་ཁུལ་དུ་སོང་ནས་མཁར་གྲོང་གི་དྲོད་འདོན་འགན་སྲུང་བྱ་བར་རྟོག་ཞིབ་བྱས།

ཁོང་ཡུང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཚོ་བོད་ལྕགས་ལམ་གཞིས་ཁུལ་དང་རྨ་ཆུ་ཟི་ལིང་དྲོད་འདོན་ཀུང་སི། ཏ་ཐུང་རྫོང་ནུས་ཁུངས་གསར་བའི་དྲོད་འདོན་ཀུང་སི། ཅིན་ཞུག་ཧྭ་ཧྥུའུ་གཞིས་ཁུལ་སོགས་སུ་སོང་ནས། དྲོད་འདོན་གཞིས་ཁུལ་གྱི་སྦུག་དྲའི་བཟོ་བཅོས་སྒྲིག་ཆས་འཁོར་རྒྱུག་དང་། གློག་ནུས་དྲོད་འདོན་མཉམ་འབྲེལ་ཐོན་སྐྱེད་གཅིག་བསྡུས་དྲོད་འདོན། སོལ་རླངས་དང་རྡོ་སོལ་དྲོད་འདོན་འགན་སྲུང་། དེ་མིན་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། སྡོད་དམངས་ཀྱི་ཁྱིམ་དུ་དྲོད་ཚད་ལ་ཞིབ་ལྟ་བྱས་ཤིང་། སེམས་ཞིབ་མོས་བསམ་འཆར་ལ་ཉན། 

ཁོང་ཡུང་གིས་དྲོད་འདོན་ཁེ་ལས་དང་གཞིས་ཁུལ་ཞབས་ཞུ་ཡིས་གཅིག་བསྡུས་འཆར་འགོད་དང་ནུས་ཁུངས་ཟད་གྲོན། ཉོ་སྒྲུབ་སྐྱེལ་འདྲེན། གནམ་གཤིས་ཀྱི་འགྱུར་ལྟར་ཁ་གསབ་ནང་འདྲེན་བྱེད་པ་དང་། ནུས་ཁུངས་གསོག་ཉར་ལ་ཤུགས་བསྣན་ནས། ད་ལོའི་དགུན་ཁའི་གནམ་གཤིས་ཀྱི་དྲོད་འདོན་སྤུས་ཚད་ལ་གདོང་གཏོད་དགོས། སྔར་ལས་ལྷག་པའི་སྒོ་ནས་འཕྲལ་བསྟུན་གྲ་སྒྲིག་འཐུས་ཚང་དང་། དྲོད་འདོན་ཉེན་བརྡའི་ལྟ་སྐུལ་ཚད་ལེན་ལ་ཤུགས་བསྣོན། དུས་ཡུན་ངེས་ཅན་ནང་དྲོད་འདོན་སྒྲིག་ཆས་དང་སྦུག་དྲའི་སྲུང་སྐྱོང་བྱ་བ་ལེགས་པོར་སྒྲུབ་ནས། གསོ་སྦྱོང་ལ་ཤུགས་བསྣོན་དང་། བཀོལ་སྤྱོད་ཚད་ལྡན་དུ་བཏང་ནས། དྲོད་འདོན་བྱ་བ་བདེ་འཇགས་ངང་འཁོར་རྒྱུག་བྱས་ཏེ། མང་ཚོགས་ལ་དྲོད་ཁོལ་སྦྱིན་དགོས། མང་ཚོགས་ཀྱི་རེ་ཞུ་ཐབས་ལམ་ཤར་གཏོང་བྱས་ཏེ། དུས་ཐོག་ཏུ་མང་ཚོགས་ཀྱི་ལན་སློག་བྱས་པའི་དྲོད་འདོན་གནད་དོན་ཐག་བཅད་ནས།དྲོད་འདོན་འགན་སྲུང་ནུས་ཤུགས་དང་དོ་དམ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།