ཆེས་མཐའ་མའི་བཀག་སྡོམ་ཁུལ་གློད་པ།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་བཀག་སྡོམ་ཁུལ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པའི་སྟེེང་ནས་ཤེས་རྟོགས་བྱུང་བར། ཚེས19ཉིན་གྱི་ཆུ་ཚོད21དང་སྐར་མ04སྟེང་དུ། ཟི་ལིང་གྲོང་ཁྱེར་གྱི་ཆེས་མཐའ་མཇུག་གི་བཀག་སྡོམ་ཁུལ་དང་འགོག་སྡོམ་ཁུལ་དེ་དོགས་ཟོན་ཁུལ་དུ་ལེགས་སྒྲིག་བྱས་པས། ཟི་ལིང་གྲོང་ཁྱེར་ཡོངས་ཀྱི་བཀག་སྡོམ་ཁུལ་དང་འགོག་སྡོམ་ཁུལ་ཚང་མ་དོགས་ཟོན་ཁུལ་དུ་ལེགས་སྒྲིག་བྱས་ཟིན་པ་རེད། 

       ཤེས་རྟོགས་བྱུང་བ་ལྟར་ན། ཟླ11པའི་ཚེས4ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་ཏིན་ཨན་མིན་ཁྲིན་ཧྲིན་ཀྱིན་གཞིས་ཁུལ་གྱི་ཐོག་ཁང་ཨང6པ་དང་། ཏིན་ཨན་མིན་ཁྲིན་ཧྲིན་ཀྱིན་གཞིས་ཁུལ(ཐོག་ཁང་ཨང6པ་ཕུད) ལ་བཀག་སྡོམ་ཁུལ་དང་འགོག་སྡོམ་ཁུལ་གྱི་དོ་དམ་བྱེད་ཐབས་སྤྱད། 

       ཟླ11པའི་ཚེས19ཉིན་བར། གོང་གསལ་གྱི་བཀག་སྡོམ་ཁུལ་དང་འགོག་སྡོམ་ཁུལ་དུ་ཉེ་བའི་ཉིན14ནང་ནད་རྟགས་མེད་པའམ་ཡང་ན་ནད་རྟགས་མེད་པའི་ནད་པ་གསར་བ་མ་བྱུང་། ས་ཁོངས་ནང་གི་འབྲེལ་གཏུག་དམ་ཟབ་བྱེད་མཁན་མཐའ་མ་དེ་དུས་མཇུག་ནས་དམར་རྗེན་དུ་ཉིན14ལས་བརྒལ་བ་དང་། ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ཚང་མ་སྲིབ་གཤིས་ཡིན་ལ། བཀག་སྡོམ་མ་བྱས་གོང་དུ་ས་ཁོངས་ནང་གི་མི་སྣ་ཚང་མར་རེས་སྐོར་དང་པོའི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་དང་གྲལ་བཤེར་བྱས་པའི་མཇུག་འབྲས་ཚང་མ་སྲིབ་གཤིས་མངོན། དུས་མཚུངས་སུ། ས་ཁོངས་ཡོངས་སུ་དུག་སེལ་བྱས་པ་དང་ཁོར་ཡུག་གི་མ་དཔེར་བརྟག་དཔྱད་བྱས་པའི་མཇུག་འབྲས་ཚང་མ་སྲིབ་གཤིས་རེད།
       ཞིང་ཆེན་རིམ་པའི་ཆེད་མཁས་པའི་ཚོ་ཆུང་གིས་དཔྱད་འཇོག་བྱས་པ་བརྒྱུད། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ལ་སྙན་སེང་ཞུས་ནས་མོས་མཐུན་བྱུང་རྗེས། གོང་གསལ་བཀག་སྡོམ་ཁུལ་དང་འགོག་སྡོམ་ཁུལ་དག་ཚེས19ཉིན་གྱི་ཆུ་ཚོད21དང་སྐར་མ04ནས་བཟུང་དོགས་ཟོན་ཁུལ་དུ་ལེགས་སྒྲིག་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ཀྱིས་འགོག་ཟོན་བྱེད་ཐབས་བླང་བྱ་ལྟར་རིམས་འགོག་བྱ་བ་ལེགས་པོར་བསྒྲུབ་དགོས་པ་བསྟན། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།