མཚོ་སྔོན་གྱི་པྲོག་གསར་ནད་པ་ཨང་གསུམ་པ་སྨན་ཁང་ནས་བུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས21ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ12ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བློ་བརྟན་འགྱུར་མེད་གྱི་འགོ་ཁྲིད་འོག ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། སྨན་བཅོས་བཅོས་སྐྱོང་ཚན་ཆུང་གིས་མྱུར་ཏུ་སྨན་བཅོས་བཅོས་སྐྱོང་གི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་པ་དང་། ནད་པ་གཅིག་སྡུད་དང་ཆེད་མཁས་པ་གཅིག་སྡུད། ཐོན་ཁུངས་གཅིག་སྡུད་བྱེད་པ། ནད་པ་གཅིག་སྡུད་བྱས་ཏེ་བཅོས་སྐྱོང་བྱེད་པ་བཅས“གཅིག་སྡུད་བཞིའི”རྩ་དོན་གཞིར་བཟུང་ནས། ནད་རྟགས་གཏན་འཁེལ་ཡིན་པའི་ནད་པ་རྣམས་ཞིང་ཆེན་རིམ་པའི་གཏན་ཁེལ་སྨན་ཁང་དུ་གཅིག་སྡུད་སྨན་བཅོས་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚན་ཆུང་མཚོ་སྔོན་ལས་དོན་ཚན་ཆུང་གི་ཆེད་མཁས་པས་མཛུབ་ཁྲིད་རོགས་རམ་འོག ཞིང་ཆེན་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་ནད་ལྕི་དང་དབུགས་ལམ། ནད་གཡོག་སོགས་ཆེད་མཁས་པ་ལས་གྲུབ་པའི་ལས་དོན་ཚན་ཆུང་ཟུར་འཐེན་བྱས་ཏེ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། སྨན་ཁང་བཅས་རིམ་པ3གྱི་ཆེད་མཁས་པ་རྩ་འཛུགས་བྱས་ཤིང་ཉི་མ་རེར་མཉམ་གཅིག་ཏུ་ནད་དཔྱད་ཐེངས་གཅིག་བྱེད་ཀྱིན་ཡོད་པ་དང་། ནད་གཞི་གཏན་འཁེལ་བྱས་པ་དེ་དག་རིག་ཚན་མང་པོ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱེད་པ། སེམས་ཁམས་ཀྱི་སྨན་བཅོས་དང་འཚོ་བཅུད་རྒྱབ་སྐྱོར་སོགས“མི་གཅིག་ལ་བྱེད་ཐབས་གཅིག”གི་གནད་ཁེལ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

ཟླ11ཚེས21ཉིན། རང་ས་གནས་ཀྱི་པྲོག་གསར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཨང3པ་ཉིན20ཡི་སྨན་བཅོས་ཞིབ་ཚགས་བྱས་པ་བརྒྱུད། ལུས་དྲོད་ཉིན3ཡན་ལ་རྒྱུན་ལྡན་ཡིན་པ་དང་། དབུགས་ལམ་གྱི་ནད་རྟགས་མེད་པར་གྱུར། བྲང་ཁའིCTལས་ནད་ཕོག་ཚད་མངོན་གསལ་གྱི་ཇེ་ལེགས་སུ་ཕྱིན་ནས་སྣ་ཕྱིས་བུའི་ཉིང་སྐྱུར་ཞིབ་དཔྱད་ཐེངས་གཉིས་ལ་བསྟུད་མར་སྲིབ་གཤིས་ཡིན་པས། ཞིང་ཆེན་རིམ་པའི་སྨན་བཅོས་མྱུར་སྐྱོབ་ཆེད་མཁས་པའི་ཚན་ཆུང་གིས་དཔྱད་དཔོག་བྱས་པ་བརྒྱུད《པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་པར་ངོས་བརྒྱད་པའི་བཟོ་བཅོས)》ལྟར། སྨན་ཁང་ནས་འབུད་པའི་ཚད་གཞི་དང་མཐུན་ཞིང་།  སྨན་ཁང་ནས་བུད་རྗེས་མུ་མཐུད་དུ་དྲག་སྐྱེད་གསོ་བཅོས་བྱ་རྒྱུ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།