རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིབ་བཤེར་བཟོ་བཅོས་ཀུང་སིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའ་ལ་བསྟུད་མར་རྨ་ཆུ་དང་ཙོང་ཆུའི་གྲོག་རོང་ནས་མཐོ་སྒང་གི་དཀྱིལ་དབུས་བར་དང་། བྱེ་ཐང་རྩྭ་ཐང་ནས་གཙང་གསུམ་འབྱུང་ཡུལ་བར། མཚོ་སྔོན་ཞིང་ཆེན་ཡོངས་ལ་ཁྱབ་པའི་གློག་དྲ་གཙོ་བོའི་སྐྱེལ་འདྲེན་སྲུང་སྐྱོང་དང་ཞིབ་བཤེར་བཟོ་བཅོས་འཐབ་ཕྱོགས་ཀྱི་ཏང་ཀྲི་པུའུ་དང་། གློག་སྒྱུར་ས་ཚིགས། གློག་འདྲེན་སྐུད་ལམ་བཅས་ཀྱི་ཞིབ་བཤེར་བཟོ་བཅོས་བྱ་ཡུལ་སོ་སོ་རུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར།

ཟླ11པའི་ཚེས12ཉིན། ཀུང་སི་འདིས་ཏང་ཀྲི་པུའུ20རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ400ལྷག་རྩ་འཛུགས་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐད་གཏོང་བརྙན་རིས་ལ་ཉན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ནང་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་གལ་ཆེན་སྐོར་གྱི་དབང་གྲགས་ལྡན་པའི་ལན་ལ་ནན་ཏན་ངང་ཉན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་གི་དུས་མཚམས་སུ་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས“གཅིག་སྡུད་དང་ཁ་ཐོར་”དང་། “ལས་སྒྲུབ་ཡུལ་དངོས་དང་ཁྱིམ་ནས་བལྟ་བ”“དྲ་ཐོག་ཏུ་སྤེལ་རེས+དྲ་འོག་མཉམ་སྤྱོད”སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་སྦྱོང་བྱས་ནས་བསམ་བློའི་མྱོང་ཚོར་བརྗེ་རེས་བྱས། ཀུང་སི་འདིའི་ཏང་ཨུའི་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་མཉམ་སྡེབ་སློབ་སྦྱོང་དང་ཆེད་དོན་བགྲོ་གླེང་སོགས་ཀྱི་རྣམ་པ་སྤྱད་ནས་ཞིབ་འཇུག་དང་སློབ་སྦྱོང་གི་དགོངས་དོན་གྱི་ནང་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས། ཏང་ཀྲི་པུའུ་སོ་སོས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང“གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག”སོགས་ཀྱི་རྣམ་པ་སྤྱད་ནས། ཏང་ཡོན་ལས་བྱེད་པ་དང་རྒྱ་ཆེའི་ལས་བཟོ་བ་རྣམས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་ཁྲིད་སྟོན་ཏན་ཏིག་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་གནད་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ནས་བསམ་བློ་བརྗེ་རེས་དང་། མཉམ་སྤྱོད། བགྲོ་གླེང་། ལག་ལེན་སོགས་ཀྱི་ཐབས་ལམ་བརྒྱུད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བསམ་བློའི་འདུ་ཤེས་དང་བྱ་བའི་ལག་ལེན་ཁྲོད་གཏིང་ཟབ་ཏུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།