ཟི་ལིང་གིས་སློབ་ཁུལ་ཁང་བ་འུད་སྒྲོག་བྱེད་མི་ཆོག་པའི་བརྡ་སྦྱོར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན། ཟི་ལིང་གྲོང་ཁྱེར་སྡོད་ཁང་འགན་སྲུང་དང་ཁང་སའི་བདག་དབང་དོ་དམ་ཅུའུ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་བརྡ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཟི་ལིང་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་སྒོས《“སློབ་ཁུལ་ཁང་བ”འུད་སྒྲོག་བྱེད་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་སྦྱོར》སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་ས་ཁང་བདག་ཁོངས་ཕྱིར་འཚོང་དྲིལ་སྒྲོག་ཚད་ལྡན་དུ་བཏང་སྟེ། སློབ་ཁུལ་ཁང་བ་སོགས་ཀྱི་མིང་གཡར་ནས་ཁང་བའི་རིན་གོང་འུད་སྒྲོག་བྱེད་པ་འགོག་སྲུང་བྱས་ནས། ས་ཁང་བདག་ཁོངས་ཚོང་ར་གཏན་འཇགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ་རེད། 

《བརྡ་སྦྱོར》ལས། ལས་ཁུངས་སོ་སོས་ཕྱིར་བསྒྲགས་པའི་ས་ཁང་བརྡ་འཕྲིན་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་མཐུན་དགོས་ཤིང་། བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་དང་མཐུན་དགོས་པ་དང་། ཟི་ལིང་གྲོང་ཁྱེར་ས་ཁང་བདག་ཁོངས་ཚོང་རའི་སྙོམས་སྒྲིག་སྲིད་ཇུས་དང་ཡང་མཐུན་དགོས་པ་ལས། སློབ་ཁུལ་ཁང་བའི་མིང་ཐོག་ནས་ས་ཁང་བདག་ཁོངས་བརྡ་འཕྲིན་དང་ཁང་རིན་འུད་སྒྲོག་བྱས་མི་ཆོག  ས་ཁང་བདག་ཁོངས་བར་ཁེ་བའི་སྡེ་ཁག་གིས་དྲ་ཚིགས་སྨྱན་བྱད་དང་། ཚོང་གཉེར་བྱེད་ས།  སློབ་ཁུལ་ཁང་བའི་མིང་ཐོག་ནས་བརྒྱུད་འཚོང་ཁང་བའི་མིང་བྱང་འདོགས་པ།“སློབ་ཁུལ”དང“བསླབ་གནས”སོགས་ལ་བརྟེན་ནས་སློབ་ཁུལ་གྱི་མིང་ཡོད་པའི་ཁང་བར་འུད་སྒྲོག་བྱས་མི་ཆོག 

       2021ལོའི་ཟླ11པའི་ཚེས22ཉིན་གསར་དུ་ཉོས་པའི་སྡོད་ཁང(གསར་སྐྲུན་ཚོང་རྫས་ཁང་བ་དང་བརྒྱུད་འཚོང་ཁང་བ)ཁང་ཡིག་བླངས་ནས་ལོ2ལོངས་ཚེ་བརྒྱུད་འཚོང་བྱས་ཆོག ས་ཁང་བདག་ཁོངས་བར་ཁེ་སྡེ་ཁག་གིས་བརྒྱུད་འཚོང་ཆ་རྐྱེན་མི་ལོངས་པའི་སྡོད་ཁང་ལ་བར་ཁེ་ཞབས་ཞུ་མཁོ་འདོན་བྱས་ཆོག དྲ་རྒྱའི་སྨྱན་བྱད་ཀྱིས་ས་ཁང་བདག་ཁོངས་བར་ཁེ་བའི་སྡེ་ཁག་དང་མཉམ་འབྲེལ་སྒོས་སློབ་ཁུལ་ཁང་བ་འུད་སྒྲོག་བྱས་མི་ཆོག་པ་དང་། སྟེགས་བུར་བཀྲམ་པའི་ཁང་བའི་བརྡ་འཕྲིན་ཁྲོད“སློབ་ཁུལ”དང“བསླབ་གནས”སོགས་ཀྱི་ནང་དོན་ཡོད་མི་ཆོག ལས་ཁུངས་སོ་སོས་བརྡ་སྦྱོར་གྱི་བླང་བྱ་ལྟར། ཁྱབ་བསྒྲགས་བྱས་པའི་ཁང་བའི་ཡོངས་ཁུངས་བརྡ་འཕྲིན་ལ་ལེགས་སྒྲིག་ཞིབ་མོ་བྱེད་དགོས་པ་དང་། 2021ལོའི་ཟླ11པའི་ཚེས30ཡར་སྔོན་དུ་བར་ཁེ་ཚོང་ཁང་དང་། འབྲེལ་ཡོད་དྲ་ཚིགས་སྨྱན་བྱད་དུ“སློབ་ཁུལ”དང“བསླབ་གནས”དང་འབྲེལ་བ་ཡོད་པའི་ཁང་བའི་ཡོངས་ཁུངས་ཚང་མ་མེད་པར་བཟོ་དགོས། 

    ཟི་ལིང་གྲོང་ཁྱེར་སྡོད་ཁང་འགན་སྲུང་དང་ས་ཁང་བདག་ཁོངས་དོ་དམ་ཅུའུ་ཡིས་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་།དྲ་རྒྱའི་བརྡ་འཕྲིན་སྡེ་ཁག་དང་མཉམ་དུ། ཆེད་སྤྱོད་ཞིབ་བཤེར་དང་མཉམ་འབྲེལ་ཁྲིམས་ལུགས་ལག་བསྟར་སོགས་བརྒྱུད་དེ་ཞིབ་བཤེར་ཤུགས་ཚད་ཆེ་རུ་གཏོང་བ་དང་། བརྡ་སྦྱོར་འདི་དོན་འཁྱོལ་བྱེད་ཤུགས་གནད་དུ་མི་ཐིངས་པ། ཁ་ཚང་མིན་པ། མུ་མཐུད་དུ་སློབ་ཁུལ་ཁང་བ་དང་། ཁང་རིན་འུད་སྒྲོག་བྱེད་པའི་ལས་ཁུངས་ལ། ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།