མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་གིས་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་གིས་གྲོས་ཚོགས་ཐེངས11པ་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ནི་ལོ་རྒྱུས་ཀྱི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་སྤྱི་ཁྱོན་རང་བཞིན་དང་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཚོགས་ཤིག་ཡིན། གྲོས་ཚོགས་ལས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ཧུར་བརྩོན་གྱི་གྲུབ་འབྲས་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད》ཀྱིས་ཁྱོན་ཡོངས་ནས་ཏང་གི་ལོ་བརྒྱའི་ཧུར་བརྩོན་གྲུབ་འབྲས་དང་ལོ་རྒྱུས་ཉམས་མྱོང་ལ་སྤྱི་བསྡོམས་བྱས་ཤིང་།མར་ཁེ་སི་རིང་ལུགས་ཀྱི་འོད་སྟོང་འབར་བའི་རྩ་གནད་རང་བཞིན་གྱི་ཡིག་ཚང་ཞིག་ཡིན་ལ། དེར་དོན་དངོས་ཀྱི་སྙིང་བོ་ཆེས་ཆེར་ལྡན་ཞིང་། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤེལ་བའི་གསུང་བཤད་གལ་ཆེན་གྱིས། དུས་དཔགས་བབ་བསྟུན་དང་། སྤྱི་ཁྱོན་གཅིག་གྱུར། ལངས་ཕྱོགས་མཐོན་པོ། བསམ་བློ་གཏིང་ཟབ་ཅིང་། ཆབ་སྲིད་དང་བསམ་བློ། གཞུང་ལུགས། མཛུབ་སྟོན་གྱི་རང་བཞིན་བཅས་ལྡན་པས། ང་ཚོ་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པར་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་ཡོད་ཅེས་བསྟན། 

གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་བྱེད་པ་ནི། དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་དང་ནང་སྙིང་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློ་དང་བྱེད་སྟངས་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་ཐོན་པར་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཉིས་ཟུང་འབྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ“ཞབས་ཞུ་གསུམ”གྱི་བྱ་བའི་ཕྱོགས་སོ་སོར་དོན་འཁྱོལ་དང་། བྱ་བའི་དོན་དངོས་དང་འབྲེལ་ནས། ལོ་མཇུག་དང་སང་ལོའི་ལོ་སྟོད་ཀྱི་བྱ་བའི་གཅིག་གྱུར་འཆར་འགོད་ཤུགས་དྲག་ཏུ་བཏང་སྟེ། ད་ལོའི་བྱ་བ་མཇུག་ལེགས་པོ་ཞིག་བསྡུ་བ་དང་། སང་ལོའི་བྱ་བ་མགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།