ཀྲའོ་ཡུའེ་ཞ་ཡིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཞིན་ཧྭ་འགྲེལ་སྤེལ(སྡེ་ཚོགས)ཚད་ཡོད་ཀུང་སིར་སོང་ནས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་གསོ་གཞུང་སྒྲུབ་ཁང་ནས། ཀྲའོ་ཡུའེ་ཞ་ཡིས་བྱ་བའི་གནས་ཚུལ་ཡར་ཞུར་ཉན་པ་དང་། དུས་སྐབས་སྔོན་མའི་བྱ་བར་ཁས་ལེན་གང་ལེགས་གནང་། ཁོ་མོས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དེ་དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞུང་སྒྲུབ་ཁང་གིས་གོ་རྟོགས་དང་སློབ་སྦྱོང་ཟབ་མོ་བྱེད་པ་དང་། དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ། དཀྱིལ་སྙིང་ཁོང་དུ་ཆུད་པར་བྱས་ནས། རིམ་བགོས་རིགས་དབྱེ་ལྟར་སློབ་སྦྱོང་དམ་འཛིན་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་གི་ཚ་རླབས་ཤིག་འཕྱུར་བར་བྱེད་དགོས། གཅིག་གྱུར་འཆར་འགོད་བཀོད་སྒྲིག་དང་། གཙོ་གནད་ལས་འགན་དོན་འཁྱོལ་དམ་འཛིན་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དེ་ཏང་གི་ལོ་རྒྱུས་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། “ངའི་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”པའི་ལག་ལེན་བྱ་འགུལ་སྤེལ་བ་དང་། གནད་ཁེལ་ལྟ་སྐུལ་མཛུབ་སྟོན་གྱི་ཤུགས་ཚད་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བར་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། 

ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་(སྡེ་ཚོགས)ཚད་ཡོད་ཀུང་སིར། ཀྲའོ་ཡུའེ་ཞ་ཡིས་དཔེ་ཁང་སོ་སོའི་ཆེད་དོན་འགྲེམ་ཁུལ་དུ་སྐོར་ཞིབ་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟུར་ཁྲིད་རྒྱུ་ཆ་དང་། པར་སྐྲུན་དཔེ་དེབ་འགྲེམ་སྤེལ་གནས་ཚུལ་ལ་རྒྱུས་ལོན་བྱས། བྱ་བའི་ཡར་ཞུར་ཉན་རྗེས། ཁོ་མོས་ཏན་ཏིག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་སློབ་སྦྱོང་རྒྱུ་ཆ་དང་བརྗོད་དོན་པར་སྐྲུན་དཔེ་དེབ་འགྲེམ་སྤེལ་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། ཏང་གིས་རྒྱལ་གཉེར་ཁེ་ལས་ཀྱི་མགོ་ཁྲིད་ལ་ཤུགས་བསྣོན་དང་རྒྱལ་གཉེར་རིག་གནས་ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། པར་སྐྲུན་འགྲེམ་སྤེལ་གྱི་གཡུལ་སའི་བྱེད་ནུས་འདོན་སྤེལ་དང་།བསམ་བློའི་སྟོབས་ཤུགས་ཆེར་བསྐྱེད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་རེ་རེར་ཤེས་སུ་འཇུག་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།